logo

༄༅།།དཔལ་འབྱོར་དང་དོན་གྲུབ་ལྷ་རྒྱལ་གྱིས་བརྩམས་པའི《བྱང་ཐང་ཉམས་སུ་མྱོང》དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2020-12-21 ཀློག་གྲངས།:
      ཉེ་ལམ། དཔལ་འབྱོར་དང་དོན་གྲུབ་ལྷ་རྒྱལ་གྱིས་བརྩམས་པའི《བྱང་ཐང་ཉམས་སུ་མྱོང》ཞེས་པ་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
      དེབ་འདིར་རྩོམ་པ་པོས་བོད་བྱང་ཐང་གི་ནག་ཆུ་ས་ཁུལ་གྱི་ལོ་རྒྱུས་རང་བཞིན་དང་ས་གནས་ཀྱི་རང་བཞིན། ཆོས་ལུགས་ཀྱི་རང་བཞིན། སྒྱུ་རྩལ་གྱི་རང་བཞིན། དཔྱད་གཞིའི་རང་བཞིན། ཞིབ་འཇུག་གི་རང་བཞིན་བཅས་ཀྱི་ཉམས་རྫོགས་པའི་གནའ་བོའི་མཁར་རྫོང་དང་། དགོན་སྡེ། གནས་རི། མཚོ་དང་མཚེའུ། རང་བྱུང་གི་བྲག་ཕུག །འབྲོག་གླུ། སྒོར་གཞས། རྒྱན་གོས་སོགས་ལེགས་བསྡུས་ཀྱིས་པར་ཡིག་སྦྲགས་མའི་ལམ་ནས་རྒྱ་ཆེའི་ཀློག་པ་པོ་དང་ཡུལ་སྐོར་བ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་ཡོད།
      དེ་ཡང་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་སྔོན་ནུབ་ཕྱོགས་ཀྱི་ཞིབ་འཇུག་པ་ཁ་ཤས་ཀྱིས་བརྗོད་པ་ལྟར་ན། བོད་བྱང་ཐང་ནི་ཚེ་སྲོག་གི་རྗེས་ཤུལ་མེད་པའི་མི་མེད་ལུང་སྟོང་ལྟ་བུ་ཞིག་ཡིན་པར་ངོས་འཛིན་བྱས་མྱོང་ཕྱིར། དེབ་འདིར་རྩོམ་པ་པོས་ལོ་ངོ་དུ་མའི་ཡུལ་དངོས་བརྟག་དཔྱད་ཞིབ་འཇུག་དང་དཔྱད་གཞིའི་ཡིག་ཆ་འབོར་ཆེན་གྱིས་བོད་བྱང་ཐང་གི་གནའ་བོའི་རྡོ་ཆས་ཀྱི་རིགས་དང་། བྲག་རིས། དུར་ཤུལ་སོགས་གདོད་མའི་དུས་ནས་འགྲོ་བ་མིའི་རིགས་བྱུང་བའི་རྗེས་ཤུལ་གྱི་དཔང་རྟགས་དང་། དེ་མིན་ས་ཁུལ་དེ་གའི་དུས་ཡུན་རིང་བའི་ཞང་ཞུང་བོན་གྱི་རིག་གནས་དང་དམངས་སྲོལ་རིག་གནས། སྲོལ་རྒྱུན་གྱི་འབྲོག་པའི་རིག་གནས་སོགས་ཀྱིས་བོད་བྱང་ཐང་ནི་གནའ་ནས་ད་བར་ས་བབ་གྱི་ཁྱད་ཆོས་ལྡན་པའི་ཆོས་ལུགས་དང་རིག་གནས་སོགས་ཕུན་སུམ་ཚོགས་པའི་གནས་མཆོག་ཅིག་ཡིན་པ་བརྗོད་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།