༄༅།།《མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་ལས་མཛོད་དགེའི་གླེགས་བམ་སྲིད་པ་གསལ་བའི་མེ་ལོང》པར་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
དུས་ཚོད།:2020-12-24
ཀློག་གྲངས།:

དེབ་འདིའི་ལེའུ་དང་པོའི་ནང་རི་ཆུའི་རིག་གནས་སྤྱིའི་ངོས་འཛིན་དང་རི་ཆུའི་རིག་གནས་ཀྱི་ཁྱབ་ཁོངས། དེ་མིན་འཇིག་རྟེན་ཆགས་འཇིག་གི་རྒྱུ་རྐྱེན་སོགས་ཉིང་བསྡུས་ཀྱིས་བརྗོད་པ་དང་། ལེའུ་གཉིས་པའི་ནང་བོད་ཀྱི་ས་དཔྱད་རིག་པ་ལས་གང་ལ་ས་དཔྱད་དགོས་པ། ས་ཡི་བརྟག་ཐབས། གནས་གཞིའི་མདུན་རྒྱབ་གཏོད་ས། ས་གནམ་གྱི་དཔྱད་པ། ས་དགྲ་བཅོས་ཐབས་སོགས་བོད་ཀྱི་སྲོལ་རྒྱུན་སའི་བརྟག་ཐབས་བཀོད་ཡོད། ལེའུ་གསུམ་པ་ལུང་པ་དང་ཐང་གི་སྐོར་ལས། སྤྱིར་ལུང་པ་ནི་ས་བབས་ལས་ངོས་འཛིན་མི་འདྲ་བ་ཡོད་ཀྱང་འདིར་མདོ་སྨད་སྤྱི་དང་ལྷག་པར་མཛོད་དགེ་རང་གི་ངོས་འཛིན་ལྟར་ལུང་པ་དང་ཐང་ཁ་ཤས་ངོ་སྤྲོད་ཙམ་བྱས་ཡོད། ལེའུ་བཞི་པ་ཆུའི་སྐོར་ལ་མཚོ་དང་མཚེའུ། ཆུ་བོ་གྲགས་ཅན་དང་འདྲེས་མདོ། ཆུ་ཕྲན། ཆུ་མིག་སྐོར། ན་དང་འཕྱོ། གནས་ཆུ། ཆུ་ཁོལ་ལམ་ཆབ་ཚན། སྨན་ཆུ། ཕོ་ཆུ་དང་མོ་ཆུ། ཀླུའི་སྐོར་བཅས་ཀྱི་གཙོ་གྲས་རྣམས་བརྗོད་ཡོད། ལེའུ་ལྔ་བའི་ནང་སའི་གནད་དུ་བཞག་པའི་རྡོ་འབུམ་དང་ཚ་ཁང་གྲགས་ཅན་སྐོར་དང་། ལེའུ་དྲུག་པའི་ནང་དུར་ཁྲོད་ཀྱི་སྐོར། ལེའུ་བདུན་པའི་ནང་བོད་ཀྱིས་གནའ་དང་ད་ལྟའི་བར་རི་ཆུ་ལ་ཇི་ལྟར་གཅེས་སྲུང་བྱེད་ཚུལ་བརྗོད་ཡོད།

འབྲེལ་ཡོད་འོས་སྦྱོར།