logo

༄༅།།《བོད་ཀྱི་སྒྱུར་བཅོས་སྒོ་དབྱེ་ལོ་ངོ་བཞི་བཅུའི་མྱོང་བ》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-01-22 ཀློག་གྲངས།:
      ཉེ་ཆར། བོད་རང་སྐྱོང་ལྗོངས་སྲིད་གྲོས་ལོ་རྒྱུས་རིག་གནས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་པའི《བོད་ཀྱི་སྒྱུར་བཅོས་སྒོ་དབྱེ་ལོ་ངོ་བཞི་བཅུའི་མྱོང་བ》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
     
     དེབ་འདིའི་ནང་བོད་ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་དང་། ལྗོངས་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་གྱིས་རང་ཐོག་གི་མྱོང་བ་དང་། དངོས་སུ་ཐོས་པ། དངོས་སུ་མཐོང་བ་བཅས་སྒྱུར་བཅོས་སྒོ་དབྱེའི་སྐོར་གྱི་རྩོམ་ཡིག༧༠བསྡུས་བཀོད་བྱས་ཡོད་དེ། གཙོ་བོ་མི་དམངས་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པ་དང་། སྲིད་གྲོས་ཨུ་ཡོན་སྒྱུར་བཅོས་སྒོ་དབྱེའི་ནང་ཞུགས་ནས་ལོ་ངོ༤༠སོང་རིང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། སློབ་གསོ་འཕེལ་རྒྱས། ཚན་རྩལ་གསར་གཏོད། རིག་གནས་འཕྲོད་བསྟེན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་ལེགས་བཅོས་སོགས་ཀྱི་ཐད་གལ་ཆེའི་གྲུབ་འབྲས་ཐོན་ཐུབ་པའི་གཟི་བརྗིད་ཀྱི་ལག་ལེན་བཀོད་ཡོད་པས། འདི་ལ་དོན་དངོས་ཀྱི་རང་བཞིན་དང་། ལག་ལེན་གྱི་རང་བཞིན། ལོ་རྒྱུས་དཔྱད་ཡིག་གི་རང་བཞིན་བཅས་ཀྱི་ཁྱད་ཆོས་དུ་མས་ཕྱུག་ཡོད་པས་ལོ་རྒྱུས་ཀྱི་རིན་ཐང་གལ་ཆེན་ལྡན་ནོ།།
འབྲེལ་ཡོད་འོས་སྦྱོར།