༄༅།།《དྭགས་པོ་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་གྱི་གསུང་འབུམ》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
དུས་ཚོད།:2021-02-03
ཀློག་གྲངས།:
ཉེ་ཆར། 《དྭགས་པོ་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་གྱི་གསུང་འབུམ》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

དེབ་འདིར་དྭགས་པོ་བཀྲ་ཤིས་རྣམ་རྒྱལ་ཞེས་གྲགས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དེས་མཛད་པའི་གཞུང་བཞི་ཙམ་ཕྱོགས་གཅིག་ཏུ་བསྡུས་ནས་པོད་གཉིས་བྱས་ནས་དཔར་དུ་བསྐྲུན་ཡོད་ལ། གཞུང་འདི་རྣམས་ནི་མདོ་སྔགས་ལུགས་གཉིས་ཀྱི་དཀའ་བའི་གནད་གསང་བཀྲལ་བར་མཛད་ཅིང་། ཁྱད་པར་དུ་སྔགས་རྒྱུད་རྒྱ་མཚོ་ལྟ་བུའི་དགོངས་དོན་ཕྱོགས་གཅིག་ཏུ་བསྡུས་ཏེ་མ་རྟོགས་པ་དང་ལོག་པར་རྟོག་པའི་གནས་ཐམས་ཅད་ལུང་དང་རིགས་པའི་སྒོ་ནས་ཚར་བཅད་ཅིང་། ཚད་མ་གསུམ་གྱིས་གཏན་ལ་ཕབ་སྟེ་སྔགས་ཀྱི་དགོངས་དོན་མ་ནོར་བ་ཇི་བཞིན་བཀྲལ་བར་མཛད་པའི་དཔལ་ཀྱེེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར། རྒྱུད་དོན་ཐམས་ཅད་ཀྱི་ཉིང་བཅུད་ཕྱོགས་གཅིག་ཏུ་བསྡུས་ཏེ་ཁ་གསལ་ཞིང་རྟོགས་སླ་བ། ཆོད་ཆེ་ཞིང་དོན་འདུས་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་པའི་གསང་སྔགས་རྡོ་རྗེ་ཐེག་པའི་སྤྱི་དོན་མདོར་བསྡུས་པ་ལེགས་བཤད་ནོར་བུའི་འོད་ཟེར། ཕྱག་རྒྱ་ཆེན་པོའི་གནས་ལུགས་མ་ནོར་བ་བརྗོད་བྱ་ཟབ་ཅིང་རྗོད་བྱེད་ཁ་གསལ་བར་མཛད་པའི་ངེད་དོན་ཕྱག་རྒྱ་ཆེན་པོའི་སྒོམ་རིམ་གསལ་བར་བྱེད་པའི་ལེགས་བཤད་ཟླ་བའི་འོད་ཟེར། པཎ་ཆེན་ནཱ་རོ་པའི་གདམས་ཟབ་ཀྱི་ཉིང་བཅུད་ཕྱོགས་གཅིག་ཏུ་བསྡུས་པ་ཟབ་ལམ་ཆོས་དྲུག་གི་སྒོམ་ཁྲིད་ཀྱི་རིམ་པ་གསང་ཆེན་གྱི་དེ་ཉིད་གསལ་བ་སོགས་བཀོད་ཡོད་དོ།།