༄༅།།《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས》དཔེ་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
དུས་ཚོད།:2021-02-07
ཀློག་གྲངས།:
ཉེ་ལམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས》ཞེས་པ་འདི་ནི་ཚེ་དབང་དང་འཇམ་དབྱངས་རྣམ་རྒྱལ་གཉིས་ཀྱིས་བརྩམས་པ་ཡིན།
དེབ་འདི་ནི་ཆོས་སྲིད་ལོ་རྒྱུས་དང་རིག་གནས་ལོ་རྒྱུས་བཅས་ལེའུ་ཆེན་མོ་གཉིས་སུ་བགར་ནས་བྲིས་ཡོད་དེ། ལེའུ་དང་པོ་ཆོས་སྲིད་ལོ་རྒྱུས་སུ་ཆོས་འབྱུང་དང་དེབ་ཐེར་ཁག་ལ་གཞི་བཅོལ་ནས་ཤར་རྒྱལ་མོ་ཚ་བ་རོང་ཞེས་པའི་མིང་གི་འབྱུང་ཁུངས་དང་ཡུལ་དེའི་སྣོད་བཅུད་ཀྱི་ཆགས་ཚུལ་མདོར་བསྟན་རྗེས། རིམ་བཞིན་རྡོ་ཆས་གསར་མའི་དུས་སྐབས་དང་གནའ་བོའི་ཞང་ཞུང་དུས་སྐབས། བོད་བཙན་པོའི་དུས་སྐབས། བོད་སིལ་བུའི་དུས་སྐབས། ས་སྐྱའི་སྲིད་དབང་དང་ཕག་མོ་གྲུབ་པ། དགའ་ལྡན་ཕོ་བྲང་བཅས་ཀྱི་དུས་སྐབས་ཀྱི་རྒྱལ་རོང་ས་ཆའི་ཆོས་ལུགས་དང་ཆབ་སྲིད་ཀྱི་ལམ་ལུགས་ཀྱི་འཕེལ་འགྲིབ་བརྗོད་ཡོད། ལེའུ་གཉིས་པ་རིག་གནས་ལོ་རྒྱུས་སུ་རྒྱལ་རོང་ས་ཆའི་སྐད་དང་ཡི་གེ དམངས་ཁྲོད་སྒྱུ་རྩལ། དམངས་ཁྲོད་ཀྱི་ལག་ཤེས་བཟོ་ལས། དེ་མིན་གནའ་མཁར་དང་རྒྱན་གོས། ཟས་སྤྱོད་དང་གཉེན་སྲོལ། དུས་ཆེན་ཁག་ཅུང་ཞིབ་ཕྲའི་སྒོས་ངོ་སྤྲོད་བྱས་ཡོད་པས། རྒྱལ་རོང་ས་ཁུལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་མཁོ་འདོན་བྱས་ཡོད་དོ།།

འབྲེལ་ཡོད་འོས་སྦྱོར།