logo

༄༅།།ཧུང་ཡོན་རྫོང་རིག་གནས་ལོ་རྒྱུས་དེབ་ཕྲེང་དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-02-26 ཀློག་གྲངས།:
      ཉེ་ཆར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་ཧུང་ཡོན་རྫོང་རིག་གནས་ལོ་རྒྱུས་དེབ་ཕྲེང་ནི་ཧུང་ཡོན་རྫོང་གི་མངའ་ཁོངས་སུ་ཆགས་པའི་དགོན་སྡེ་བཅུ་ལྷག་གི་གདན་རབས་ལོ་རྒྱུས་དང་སྐུ་གསུང་ཐུགས་རྟེན། གནས་རྙིང་བྱིན་ཅན། དེ་མིན་ཕྱིའི་སྣོད་བཅུད་ཀྱི་ཆགས་ཚུལ་སོགས་རྒྱས་བསྡུས་གང་འཚམ་སྒོས་ངོ་སྤྲོད་བགྱིས་ཡོད་པས། ཧུང་ཡོན་ས་གནས་ཀྱི་དགོན་སྡེའི་རིག་གནས་དང་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པར་མེད་དུ་མི་རུང་བའི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་འཁུམ།
      དེབ་ཚོགས་འདིར། ཁང་དམར་དགོན་པའི་གདན་རབས། མག་གསར་དགོན་པའི་གདན་རབས། རྨེ་བ་དགོན་པའི་གདན་རབས། རོང་ཐ་དགོན་པའི་གདན་རབས། སྐྱ་མགོ་དགོན་པའི་གདན་རབས། མག་གསར་ལུང་རིང་དགོན་པའི་གདན་རབས། ཚ་ལུང་དགོན་པའི་གདན་རབས། སྟག་རྩེ་དགོན་པའི་གདན་རབས། ཇོ་དགོན་ཡིད་བཞིན་མཁའ་སྤྱོད་གླིང་གི་གདན་རབས། རྭ་སྐོར་དགོན་པའི་གདན་རབས། དེ་མིན་བོད་ཡིག་དང་རྒྱ་ཡིག་གི་པར་མ་མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས།(ཧུང་ཡོན་གླེགས་བམ)བཅས་སོ།། 
འབྲེལ་ཡོད་འོས་སྦྱོར།