logo

༄༅།།བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་དཔེ་ཚོགས་པར་དུ་བསྐྲུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-02-26 ཀློག་གྲངས།:
      ཉེ་ཆར། ཅང་སུའུ་དགེ་འོས་སློབ་ཆེན་རྒྱ་བོད་བཅའ་ཁྲིམས་རིག་གནས་དང་ཁྲིམས་སྐྱོང་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱིས་རྩ་འཛུགས་བྱས་ཏེ་བསྒྱུར་སྒྲིག་དང་ཞུ་དག་བྱས་ནས་གྲུབ་པའི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་སྐོར་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་ལས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》《སྤྱི་བདེའི་སྲིད་འཛིན་ཁྲིམས་བསྟར་ལག་དེབ》《བདེ་འཇགས་དོ་དམ་ལས་དོན་ལག་དེབ》《ཉེས་དོན་མྱུལ་ཞིབ་ལས་དོན་ལག་དེབ》བཅས་ཀྱི་དེབ་འདི་དག་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད་པས། བཅའ་ཁྲིམས་ཀྱི་དོན་སྙིང་ལྡན་པའི་ཁྲིམས་དོན་ཡིག་རིགས་འདི་དག་ལ་བོད་རྒྱ་སྐད་གཉིས་ཀྱིས་གཟབ་ནན་སྒོས་སློབ་སྦྱོང་དང་ཞིབ་འཇུག་ལག་བསྟར་བྱས་ཏེ་རང་རྒྱལ་གྱི་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་གྱི་འདུ་ཤེས་ཚོར་དུ་འཇུག་རྒྱུར་གལ་ཆེའི་དོན་སྙིང་ལྡན་ནོ།།






འབྲེལ་ཡོད་འོས་སྦྱོར།