logo

༄༅།།《གླིང་རྗེ་གེ་སར་རྒྱལ་བློན་གྱི་གསོལ་མཆོད་དགེ་ལེགས་འདོད་འཇོ་བཞུགས་སོ》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས། 

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-03-01 ཀློག་གྲངས།:
      དེབ་འདིར་ཞི་བ་སེང་ཆེན་རྡོ་རྗེ་ཚེ་རྒྱལ་སྐུ་འཁོར་གྱི་ནང་སྒྲུབ་བླ་མ་འདུས་པའི་སྐོར་དང་། དྲག་པོ་བདུད་འདུལ་གེ་སར་དགྲ་བླའི་རྒྱལ་པོ་སྐུ་འཁོར་ཕྱི་ལྟར་ལས་བཞིའི་འཕྲིན་ལས་འགྲུབ་པའི་གྲོགས་སུ་སྦྲན་པའི་གསོལ་མཆོད་འཕྲིན་སྐུལ་གྱི་སྐོར། ཞི་རྒྱས་དབང་དྲག་གི་ཆ་ལག་གླིང་རྗེ་རྒྱལ་བློན་སྐུ་འཁོར་ལ་བརྟེན་པའི་ཚེ་སྒྲུབ་གཡང་འགུག་གི་སྐོར་དང་། མོ་ལྟས་བརྟག་ཚུལ། གཞན་སྣང་འགུག་ཐབས། བྱད་གཏད་ཁྲོལ་ཐབས། རྐུན་མ་བཅིང་ཐབས། གཞན་གླིང་རྗེ་སྐྱེས་བུའི་ཞྭ་བཤད་དང་། གླིང་གི་ཕྱག་ཆ་མདའ་གྲི་འུར་གསུམ་ལག་ལེན་ལ་འབྲེལ་ཡོད་ཀྱི་གཏམ། ཚོགས་གླུ་དང་བྲོ་གར་གྱི་སྐོར། དེ་བཞིན་དུ་སྟག་རོང་དཔོན་པོ་ཁྲོ་རྒྱལ་གྱི་ཆེ་བ་དང་ཆས་གོས་མཐུ་ནུས་སོགས་ཀྱི་རྟོགས་པ་བརྗོད་པའི་སྐོར། རྨུ་ལི་ཁྲི་བདུད་རྒྱལ་བློན་བཏུལ་ཏེ་རིན་ཆེན་མཆོང་རྫོང་ཕབ་པའི་རྟོགས་བརྗོད་ཀྱི་བསྡུས་དོན་སོགས་ཚན་པ་བརྒྱ་དང་བདུན་ཅུ་ལྷག་གིས་གྲུབ་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།