logo

༄༅།།《གངས་ལྗོངས་རལ་པ་སྒྱུ་རྩལ》དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-03-09 ཀློག་གྲངས།:
      ཉེ་ཆར། སི་ཁྲོན་རོལ་དབྱངས་སློབ་ཆེན་གྱི་རོལ་དབྱངས་སྡེ་ཁག་གི་འགོ་གཙོ་གཞོན་པ་དང་། ཞིབ་འཇུག་སློབ་མའི་འཛུབ་སྟོན་དགེ་རྒན་ཁམས་སྐལ་བཟང་མེ་ཏོག་ལགས་ཀྱིས་བརྩམས་གྲུབ་གནང་པའི《གངས་ལྗོངས་རལ་པ་སྒྱུ་རྩལ》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
      དེབ་འདི་ནི་རྩོམ་པ་པོས་བགྲང་བྱ་བརྒྱད་ལྷག་གི་རིང་ཡུལ་དངོས་བརྟག་དཔྱད་ཀྱིས་དམངས་ཁྲོད་སྒྱུ་རྩལ་པ་༣༠ལྷག་ལ་བཅར་འདྲི་བྱས་ཏེ་དཔྱད་གཞིའི་རྒྱུ་ཆ་འབོར་ཆེན་འཚོལ་བསྡུ་བགྱིས་ནས་ཡིག་འབྲུ་འབུམ་ཚོ་བརྒྱད་ལྷག་གིས་གྲུབ་ཡོད་ཅིང་། མ་འོངས་བོད་ཀྱི་དམངས་ཁྲོད་རལ་པ་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆ་གང་ལེགས་མཁོ་འདོན་བྱས་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།