༄༅།།《ངག་རྩོམ་རླབས་ཀྱི་ཟེགས་མ》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
དུས་ཚོད།:2021-03-25
ཀློག་གྲངས།:
ཉེ་ལམ། ས་སྐྱ་བ་བསོད་ཚེ་ཡིས་སྒྲིག་རྩོམ་གནང་བའི《ངག་རྩོམ་རླབས་ཀྱི་ཟེགས་མ》ཞེས་པའི་དེབ་འདི་ཉིད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
དེབ་འདི་ནི་རྩོམ་པ་པོས་བགྲང་བྱ་དུ་མར་བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་གཙོ་བྱས་པའི་དམངས་ཁྲོད་ན་དར་ཁྱབ་ཆེ་བའི་བོད་ཀྱི་ངག་ཐོག་རྩོམ་རིག་ཁག་ཅིག་བསྡུ་རུབ་བྱས་ནས་གྲུབ་པ་ཞིག་ཡིན། བྱེ་བྲག་ཏུ་ཚིག་དོན་གྱི་བྲོ་བ་མ་ཉམས་ཤིང་བོད་སྐད་ཀྱི་བཅུད་འདུས་པའི་གབ་ཚིག་དང་མན་ངག། ཤོ་བཤད། གཏམ་དཔེ། དམངས་གཞས། དེ་མིན་མཚར་གཏམ་དང་ཐོལ་རྩོམ། སློབ་མའི་བསླབ་བྱ་སོགས་བསྒྱུར་རྩོམ་ཁག་ཅིག་ཀྱང་འདུས་ཡོད་དོ།།


འབྲེལ་ཡོད་འོས་སྦྱོར།