༄༅།།«གླིང་སྒྲུང་ཀློག་དེབ་བློ་གསལ་འཇུག་ངོགས»དེབ་ཚོགས་དཔར་དུ་སྐྲུན།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཆབ་འགག་ཇོ་རུའི་གེ་སར་རིག་གནས་འཕྲིན་སྟེགས།
དུས་ཚོད།:2021-04-02
ཀློག་གྲངས།:
ཉེ་ཆར། བོད་ཀྱི་གེ་སར་རིག་པའི་ཆེད་མཁས་པ་རྒན་གཅོད་པ་དོན་གྲུབ་ལགས་ཀྱིས་བརྩམས་པའི《གླིང་སྒྲུང་ཀློག་དེབ་བློ་གསལ་འཇུག་ངོགས》ཞེས་པའི་དེབ་ཚོགས་པོད་བཅུའི་བདག་ཉིད་ཅན་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།
དེབ་ཚོགས་འདིར་བསྡོམས་པས་དེབ་བཅུ་ཡོད་དེ། དེ་ཡང《གླིང་གེ་སར་རྒྱལ་པོའི་མཛད་རྣམ་དད་པའི་མཆོད་སྤྲིན》དང 《གླིང་གི་མི་སྣ་གྲགས་ཅན་གྱི་སྐྱེས་རབས་ལོ་རྒྱུས་ཤེལ་དཀར་མེ་ལོང》《ངོ་མཚར་ཆེ་བའི་གེ་སར་སྒྲུང་པའི་གཏམ་རྒྱུད》《གླིང་སྒྲུང་པར་གཞིའི་བྱུང་འཕེལ་བཤད་པ་གཟི་མིག་དགུ་ཤར》《གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་པད་དཀར་ཆུན་པོ》 《གེ་སར་རྒྱལ་པོའི་ཤུལ་རྟེན་འགངས་ཆེན་གྱི་ངོ་སྤྲོད་མུ་ཏིག་ཕྲེང་མཛེས》《གླིང་སྒྲུང་གི་དཀའ་གནད་མུན་པ་རང་གྲོལ》《གེ་སར་ཟློས་གར་དང་གསར་བཞེངས་རྟེན་གཞི་གངས་རིའི་རྒྱན་ཆ》《གླིང་སྒྲུང་ལས་བྱུང་བའི་བོད་པའི་གསོ་རིག་གསེར་གྱི་བང་མཛོད》《གླིང་སྒྲུང་གི་གཡང་འབོད་དང་བཤད་པ་གཏམ་དཔེ་མེ་ཏོག་ཚོམ་བུ》བཅས་གེ་སར་སྒྲུང་གི་རིག་གནས་ལ་མོས་པ་ཆེ་བའི་ན་གཞོན་བློ་གསར་གྱིས་ལྟ་བདེ་ལ་ནང་དོན་ཆ་ཚང་ཞིང་། ཞིབ་འཇུག་གི་རིན་ཐང་ཕུན་སུམ་ཚོགས་པ་ཡོད་པས་ཤིན་ཏུ་དགའ་འོས་པའི་དོན་བཟང་ཞིག་རེད་འདུག
དེ་ཡང《གླིང་གེ་སར་རྒྱལ་པོའི་མཛད་རྣམ་དད་པའི་མཆོད་སྤྲིན》ཞེས་པའི་དེབ་ལ་མཚོན་ན། གླིང་གེ་སར་རྒྱལ་པོ་ནི་བོད་ཀྱི་ལོ་རྒྱུས་མི་སྣ་དངོས་ཤིག་ཡིན་པའི་སྐོར་ལུང་དང་རིགས་པ་ཅི་རིགས་ཀྱིས་ར་སྤྲད་པ་དང་། དེ་ཡང་རབ་བྱུང་དང་པོ་ཚུགས་ཁ་མའི་སྤྱི་ལོ1038ལོར་ཁམས་སྡེ་དགེ་གླིང་ཚང་རྒྱལ་པོའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས་ཤིང་། དགུང་ལོ་བརྒྱད་ཀྱི་སྟེང་མགོ་ལོག་ཁུལ་གྱི་རྨ་སྨད་གཡུ་ལུང་སུམ་མདོར་བརྫངས་ཏེ་གནས་དེར་འཚོ་བཞེས་གནང་། དགུང་ལོ་བཅུ་གཉིས་སྟེང་རྟ་རྒྱུག་རྒྱན་འཇོག་ལས་རྣམ་པར་རྒྱལ་ཏེ་གླིང་གི་གསེར་ཁྲིར་མངའ་གསོལ། དེ་ནས་དམག་དཔོན་དགྲ་འདུལ་གྱི་ཚུལ་བཟུང་ནས་ཕྱོགས་བཞིའི་དགྲ་བཞི་བཏུལ་བ་དང་། རྫོང་ཆེན་བཅོ་བརྒྱད་དང་རྫོང་ཆུང་གྲངས་མེད་ཕབ་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དག་ལོ་ཚུགས་ལ་སྦྱར་ཏེ་བཀོད་ཡོད་པས་གླིང་གེ་སར་རྒྱལ་པོའི་མི་ཚེ་གཅིག་གི་དགྲ་འདུལ་གཉེན་སྐྱོང་གི་ལོ་རྒྱུས་ཆ་ཚང་མིག་ལམ་དུ་བསྟར་ཐུབ་པའི་དགེ་མཚན་དང་ཁྱད་ཆོས་ལྡན།
《གླིང་གི་མི་སྣ་གྲགས་ཅན་གྱི་སྐྱེས་རབས་ལོ་རྒྱུས་ཤེལ་དཀར་མེ་ལོང》ཞེས་པར་གླིང་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བཞི་བཏུལ་ཅིང་རྫོང་ཆེན་བཅོ་བརྒྱད་དང་རྫོང་ཆུང་གྲངས་མེད་ཕབ་པའི་བརྒྱུད་རིམ་ཁྲོད་གླིང་གི་དཔའ་རྟུལ་སུམ་ཅུ་དང་། ཡང་རྟུལ་དམ་པ་མི་བདུན། ཞེ་རྟུལ་ཁྲ་གླག་སྤྱང་གསུམ། སྨན་མཆོག་མཛངས་མ་བཅུ་གསུམ་སོགས་ཀྱི་དཔའ་ཞིང་མཛངས་པའི་སྟོབས་ལ་བརྟེན་ནས་དགྲ་འདུལ་གཉེན་སྐྱོང་གི་མཛད་འཕྲིན་སྤེལ་བའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་འདིའི་མི་སྣ་གྲགས་ཅན་རྣམས་ཀྱི་མི་རྟ་དང་ཁྲབ་རྨོག་འཁོར་གསུམ་འདུས་པའི་དགྲ་ལྷ་མཚོན་ཆ་སྣ་དགུ། དེ་མིན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དཔའ་བོའི་བྱས་རྗེས། མི་ཚེ་གཅིག་གི་མཛད་འཕྲིན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ངོ་སྤྲོད་ཞུས་ཡོད།
《ངོ་མཚར་ཆེ་བའི་གེ་སར་སྒྲུང་པའི་གཏམ་རྒྱུད》ཅེས་པ་ནི་གེ་སར་སྒྲུང་པ་རྣམས་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་ཀྱི་གླེགས་བམ་ཞིག་ཡིན། འདི་ནི་རྩོམ་པ་པོས་མི་ལོ་བཅུ་ཕྲག་མང་པོར་བོད་ཆོལ་ཁ་གསུམ་དུ་འཚོ་བཞུགས་གནང་བའི་གླིང་གེ་སར་རྒྱལ་པོའི་སྒྲུང་པ་བཞི་བཅུ་ལྷག་ལ་ཆེད་དུ་བཅར་འདྲི་རྟོག་ཞིབ་བྱས་པའི་ཞིབ་འཇུག་གི་གྲུབ་འབྲས་ཞིག་སྟེ། བཤད་ནས་རྫོགས་རྒྱུ་མེད་པའི་བབས་སྒྲུང་དང་པྲ་སྒྲུང་པ། བྲིས་ནས་ཚར་རྒྱུ་མེད་པའི་གཏེར་སྒྲུང་པ། བརྩོན་པ་ལྷོད་པ་མེད་པའི་བརྒྱུད་སྒྲུང་པ། བླངས་བའི་ཚར་རྒྱུ་མེད་པའི་བསླབ་སྒྲུང་པ། ད་དུང་ཐོས་སྒྲུང་པ་དང་ཐང་སྒྲུང་པ་སོགས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཚར་ལོངས་བྱུང་སའི་ཁོར་ཡུག་དང་། སྒྲུང་པར་ཇི་ལྟར་གྱུར་པའི་བརྒྱུད་རིམ། ངོ་མཚར་ཆེ་བའི་སྒྲུང་པའི་ཁྱད་ཆོས། འདས་ཟིན་པའི་སྒྲུང་པ་རྣམས་ཀྱི་མི་ཚེའི་གཏམ་རྒྱུད། ད་ལྟ་འཚོ་བཞུགས་གནང་བཞིན་པའི་སྒྲུང་པ་རྣམས་ཀྱི་གནས་བབ། ད་དུང་གེ་སར་སྒྲུང་པ་ཁོ་ན་ལ་ཡོད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོགས་གོ་བདེ་དོན་ཟབ་པའི་ངོས་ནས་ངོ་སྤྲོད་ཞུས་ཡོད་ལ། དེ་བཞིན་དུ་དེབ་གཞན་པ་སྟེ། གླིང་སྒྲུང་པར་གཞིའི་བྱུང་འཕེལ་གྱི་ཞིབ་འཇུག་དང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་སྤྲོད། གེ་སར་ཟློས་གར་དང་གསར་བཞེངས་རྟེན་གཞིའི་འཛུགས་སྐྲུན། གླིང་སྒྲུང་ལས་བྱུང་བའི་བོད་པའི་གསོ་རིག་གི་སྐོར། གླིང་སྒྲུང་གི་གཡང་འབོད་དང་བཤད་པ་གཏམ་དཔེའི་རིགས་བསྡུས་ཤིང་དཔྱད་པ་བརྗོད་པ་སོགས་གེ་སར་སྒྲུང་གི་རིག་གནས་ཡོངས་ཁྱབ་ཏུ་ཞིབ་འཇུག་དང་མཚམས་སྦྱོར་བགྱིས་ཡོད། འདིར་དཔེ་དེབ་རེ་རེའི་ནང་དོན་དང་ཁྱད་ཆོས་སོགས་བརྗོད་ན་ཡིག་ཚོགས་མང་བར་དོགས་ནས་རེ་རེ་བཞིན་འགྲེལ་བཤད་བྱ་རྒྱུ་མིན།
གཤམ་དུ་གླིང་སྒྲུང་དཔེ་ཚོགས་དེབ་བཅུའི་གཞན་དང་མི་མཚུངས་པའི་ཁྱད་ཆོས་སམ་དགེ་མཚན་རགས་ཙམ་བརྗོད་པར་བྱ་སྟེ།
གཅིག གླིང་སྒྲུང་ཀློག་དེབ་བློ་གསལ་འཇུག་ངོགས་ཞེས་པའི་དེབ་ཕྲེང་བཅུའི་བདག་ཉིད་ཅན་འདི་ནི་རྒྱལ་ཁབ་གསར་པ་བཙུགས་ཚུན་དུ་གེ་སར་རིག་གནས་ཤེས་བྱ་ཀུན་འདུས་ཀྱི་གླེགས་བམ་ཞིག་ཡིན་ལ། གེ་སར་རིག་གནས་སློབ་སྦྱོང་དང་རྒྱུས་ལོན་བྱེད་ན་གོ་བདེ་བའི་ངང་ནས་རྒྱུད་ལ་གསལ་པོ་ངེས་ཐུབ་པའི་དགེ་མཚན་ཡོད།
གཉིས། གླིང་སྒྲུང་བྱུང་འཕེལ་གྱི་བརྒྱུད་རིམ་ཁྲོད། གེ་སར་རིག་གནས་ཞིབ་འཇུག་ཐད་དུ་ཀློག་དེབ་བཅུ་ལྷན་དུ་པར་སྐྲུན་དང་འགྲེམ་སྤེལ་གནང་བ་ཐེངས་དང་པོ་ཡིན་ལ། བོད་པའི་ལོ་རྒྱུས་ཐོག་མེད་པ་ཁ་སྐོང་བགྱིས་ཡོད་པའང་བསྙོན་དུ་མེད།
གསུམ། དཔེ་ཚོགས་འདིའི་བརྗོད་བྱའི་དོན་རྒྱ་ཆེ་ཞིང་གཏིང་ཟབ་ལ་རྗོད་བྱེད་ཚིག་བདེ་ལ་གོ་སླ་བའི་ཁྱད་ཆོས་ཡོད། གནག་རྫི་དང་གཞོན་ནུ་ཀློག་པ་པོས་བསླབ་ན་ཡིད་ལ་འབྱོར་ཐུབ་པའི་ཤེས་བྱ་ཡོད་ཅིང་གེ་སར་ཆེད་མཁས་པ་ཚོས་བཀླག་ན་ཡིད་ལ་གཏིང་ཟབ་པའི་ལྟ་བ་དང་ཤེས་བྱ་གསར་པ་སྦྱིན་ཐུབ་པའི་དགེ་མཚན་མཆིས།
བཞི། དཔེ་ཚོགས་འདིའི་བརྗོད་དོན་གཙོ་བོ་མདོ་དབུས་ཁམས་གསུམ་ལ་ཁ་ཕྱོགས་ནས་བརྩམས་ཞིང་སྒྲིག་པ་ཡིན་པས་སྟོད་དབུས་གཙང་གི་གེ་སར་རིག་གནས་ཀྱི་ལོ་རྒྱུས་ཡོད་ལ་བར་ཁམས་ཕྱོགས་ཀྱི་གེ་སར་རིག་གནས་ཀྱི་གནས་བབ་ཡོད། ད་དུང་མདོ་སྨད་ཨ་མདོ་ཕྱོགས་ཀྱི་གེ་སར་ལོ་རྒྱུས་ཡོད། སྐྱེ་བུ་སུས་རང་གི་ཡུལ་ཕྱོགས་ཀྱི་གེ་སར་ལོ་རྒྱུས་ཤེས་འདོད་ན་ཕྱོགས་ཞེན་མེད་པར་ཁྱེད་ལ་ངོ་སྤྲོད་གསལ་པོ་གནང་ཐུབ་པའི་ཁྱད་ཆོས་ཡོད།
ལྔ། དཔེ་ཚོགས་འདི་ནི་གེ་སར་ལོ་རྒྱུས་ཀྱི་དཔའ་བོ་དངོས་ཡིན་པའི་ཆ་ནས་སྔོན་བྱོན་བོད་ཀྱི་སྐྱེས་བུ་དམ་པ་ཚོའི་གསུང་སྒྲོས་གཞིར་བཟུང་ནས་བྲིས་ཡོད་པས་ན་ཡིད་རྟོན་ཆོག དེང་སང་མི་ཉུང་ཤས་ཙམ་གྱིས་བོད་ཀྱི་གེ་སར་ལོ་རྒྱུས་ལ་མི་མཐུན་པའི་རྙོག་བཤད་ལོག་བཤད་ལ་ལུང་དང་རིགས་པས་གང་ནུས་ཀྱིས་བསྒྲུབས་ཡོད་དོ།།
དྲུག དཔེ་ཚོགས་འདིའི་ནང་གི་དཔྱད་གཞིའི་རྒྱུ་ཆ་ཕལ་ཆེར་ཡོད་དོ་ཅོག་རྩོམ་པ་པོ་ཁོང་ཉིད་བགྲང་བྱ་སུམ་ཅུའི་རིང་ལ་དཀའ་བ་རྒྱབ་ཏུ་བསྐྱུར་ངལ་བ་དང་དུ་བླངས་ནས་དངོས་སུ་གཞི་རིམ་དང་ལས་ཡུལ་དངོས་ལ་སོང་ནས་རྒྱུས་ལོན་བགྱིས་པ་ཡིན་པས་རྣམ་དག་གསལ་པོ་ཡིན་ཞིང་ཡིད་རྟོན་ཆོག་གོ།

འབྲེལ་ཡོད་འོས་སྦྱོར།