༄༅།།བྱ་གཞུང་དབང་ཆེན་ཚེ་རིང་གིས་སྒྲིག་རྩོམ་བྱས་པའི《དཔེ་ཆོས་སློབ་མ་ལ་ཕན་པ》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
དུས་ཚོད།:2021-04-12
ཀློག་གྲངས།:
ཉེ་ལམ། བྱ་གཞུང་དབང་ཆེན་ཚེ་རིང་གིས་སྒྲིག་རྩོམ་བྱས་པའི《དཔེ་ཆོས་སློབ་མ་ལ་ཕན་པ》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
དཔེ་ཆོས་ནི་ཐུན་མོང་མ་ཡིན་པའི་བོད་ཀྱི་སྐད་ཆའི་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེ་ནི་སྒྲུང་དང་ཉམས་མྱོང་། ངག་རྒྱུན་སོགས་ལས་བྱུང་བའི་དཔེ་ལ་བརྟེན་ནས་དོན་སྟོན་བྱེད་ཀྱི་མིང་གཏན་ཆགས་པ་ཞིག་ཀྱང་རེད། དཔེ་ཆོས་ལ་ཁ་དམ་ལ་གཏིང་ཟབ་པ། ཡུན་རིང་ལ་གཏན་ཆགས་པ། ཚིག་ཉུང་ལ་སྡེབ་ལེགས་པ་བཅས་མངོན་གསལ་གྱི་ཁྱད་ཆོས་ཡོད།
དེབ་འདིར། རྩོམ་པ་པོས་དཔེ་ཆོས་ཀྱི་རྒྱ་མཚོ་ཆེན་མོ་ལས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དག་ལ་དམིགས་སུ་བཟུང་ནས་ཟུར་བཀོལ་བྱས་པ་ཡིན་ཕྱིན། ལྗོངས་ཞིང་ལྔའི་མཉམ་བསྒྲིགས་བསླབ་གཞི་རུ་བྱུང་ཟིན་པའི་དཔེ་ཆོས་ཅི་ཡོད་གཞིར་བཞག་སྟེ་དཔེ་ཡོད་མེད་ཅི་རིགས་ཀྱི་དཔེ་ཆོས་དཀྱུས་སུ་བཀོད་པའི་སྟེང་ལ་རྒྱུག་ཆེ་བ་དང་རྨང་གཞིར་གྱུར་བ་རྣམས་ཁོལ་དུ་ཕྱུང་ནས། གོ་དཀའ་བའི་མིང་ལ་མིང་འགྲེལ་དང་། དཔེ་ཆོས་སྤྱིའི་ནང་དོན་ལ་དོན་འགྲེལ། འབྲེལ་ཡོད་དཔེ་དེབ་ལས་གང་རྙེད་རྣམས་ཇི་བཞིན་སོར་འཇོག་དང་མ་རྙེད་པ་དག་ལ་རང་ཉིད་ཀྱིས་དཔེར་བརྗོད་ཀྱང་བཞག་ཡོད་དོ།།


འབྲེལ་ཡོད་འོས་སྦྱོར།