logo

༄༅།།《སྔགས་ཀྱི་ཚིག་མཛོད་ཆེན་མོ》དཔེ་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-04-27 ཀློག་གྲངས།:
      འཕགས་བོད་ཀྱི་གསུང་རབ་ཀུན་ལས་བཏུས་པའི་སྔགས་ཀྱི་ཚིག་མཛོད་ཆེན་མོ་ཞེས་བྱ་བའི་པོད་གསུམ་གྱི་བདག་ཉིད་ཅན་གྱིས་གྲུབ་པའི་དེབ་གསར་འདི་ཉིད་ཉེ་ཆར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
      ཚིག་མཛོད་འདིའི་ནང་དུ་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལུགས་དག་ན་གསལ་བའི་ཐུན་མིན་གྱི་མིང་ཚིག་དང་རྣམ་གྲངས་འགྲེལ་ཚུལ་གྱི་སྐོར་དང་། ཐུན་མིན་གྱི་གྲངས་འདྲེན་གྱི་སྐོར་དག་བསྡུ་སྒྲིག་གང་ཐུབ་བྱས་ནས་བཀོད་ཡོད་པས་ཐུན་མིན་སྔགས་ཀྱི་ཚིག་མཛོད་ཅིག་ཡིན་པར་མ་ཟད་སྔགས་རྒྱུད་ཀྱི་ལུང་ཀུན་བཏུས་ལྟ་བུའི་གོ་ཡང་ཆོད་པ་ཡིན། གཞན་ཚིག་མཛོད་འདིའི་ཡོང་ཁུངས་ནི་རྙིང་མ་རྒྱུད་འབུམ་དང་སྔ་འགྱུར་བཀའ་མ། ཀརྨ་སྐུ་འཕྲེང་རིམ་བྱོན་གྱི་གསུང་འབུམ་དང་ཀོང་སྤྲུལ་བཀའ་འབུམ།འབྲུག་པའི་ཆོས་མཛོད། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དང་རྗེ་བཙུན་བཀའ་འབུམ། དོལ་པོའི་གསུང་འབུམ་དང་ཏཱ་ར་ནཱ་ཐའི་གསུང་འབུམ། ས་སྐྱའི་མཁས་དབང་རིམ་བྱོན་ཀྱི་གསུང་འབུམ་དང་ཨེ་ཝཾ་ཆོས་མཛོད། གླིང་པ་བརྒྱད་ཀྱི་བཀའ་འབུམ་དང་མངའ་བདག་ཉིང་གི་གསུང་འབུམ་སོགས་ཡིན་པ་དང་། ཁྱོན་བསྡོམས་མིང་ཚིག་ཆིག་ཁྲི་བརྒྱད་སྟོང་ལ་ལྷག་ལ་ཉེ་བ་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།