༄༅།།《མདོ་དང་བསྟན་བཅོས་ལས་བཏུས་པའི་ཤེར་ཕྱིན་གཙོ་བོར་གྱུར་པ་ཉེར་མཁོ་ཕྱོགས་བསྒྲིགས》ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
དུས་ཚོད།:2021-05-24
ཀློག་གྲངས།:


ཉེ་ལམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས《མདོ་དང་བསྟན་བཅོས་ལས་བཏུས་པའི་ཤེར་ཕྱིན་གཙོ་བོར་གྱུར་པ་ཉེར་མཁོ་ཕྱོགས་བསྒྲིགས》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།
དེ་ཡང་ལུས་ཅན་འགྲོ་བ་མཐའ་དག་གི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་བསྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་ཤཱཀྱ་སེངྒེ་དེ་ཉིད་ཀྱིས་གདུལ་བྱ་མཐའ་ཡས་པའི་བློ་ངོར་འཚམས་པའི་ཆོས་ཕུང་ཇི་སྙེད་ཅིག་བཀའ་སྩལ་པ་ཐམས་ཅད་ཀྱི་ནང་ནས་བཀའ་བར་པ་ཤེར་ཕྱིན་གྱི་མདོ་རྣམས་ནི། དུས་གསུམ་རྒྱལ་བ་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ། ཆེས་རབ་དང་། མཆོག་དང་། གྱ་ནོམ་པ། བླ་ན་མེད་པ། གོང་ན་མེད་པ། མདོ་གཞན་ལས་མཆོག་ཏུ་གྱུར་པ་ཞིག་ཡིན་པར་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ་དང་། ཡོངས་སུ་གཏད་པའི་ལེའུ་སོགས་ལས་ཕན་ཡོན་རྒྱ་ཆེར་གསུངས་པ་སོགས་ལ་དམིགས་ཏེ། འདིར་ལེགས་པར་བསྒྲིགས་པའི་འཕགས་པ་རབ་རྩལ་རྣམ་གནོན་སོགས་ཀྱིས་ཞུས་པའི་ཤེར་ཕྱིན་གྱི་མདོ་ཕྲན་གྲགས་ཆེ་བ་རྣམས་ཀྱང་དངོས་འཛིན་གྱི་རྩ་བ་དྲུངས་ནས་འབྱིན་བྱེད། ལམ་དངོས་གཞི་དང་འབྲས་བུའི་ཤེར་ཕྱིན་གྱི་རྣམ་བཞག་གཙོ་བོར་གྱུར་པའི་ཐེག་གསུམ་གྱི་མངོན་རྟོགས་ཕྱིན་ཅི་མ་ལོག་པ་གསལ་བར་སྟོན་པའི་གཞུང་མཆོག་ཏུ་གྱུར་པ་ཡིན་པ་དང་། དེ་དང་ཆབས་ཅིག་ཏུ་ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་དང་། སྨན་མདོ་བརྒྱད་བརྒྱ་བ། སངས་རྒྱས་དང་བྱང་སེམས་རྣམས་ཀྱི་མཚན། གཟུངས་སྔགས་སྨོན་ལམ་ཁྱད་འཕགས་བཅས་ཕྱོགས་གཅིག་ཏུ་བསྡུས་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།