logo

༄༅།།《སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་གི་ཟིན་བྲིས》དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-05-28 ཀློག་གྲངས།:
      ཉེ་ཆར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི《སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་གི་ཟིན་བྲིས》ཞེས་བྱ་བའི་དེབ་འདི་ཉིད་ནི་འོད་གསལ་རིན་ཆེན་སྙིང་པོ་པདྨ་ལས་འབྲེལ་རྩལ་གྱིས་མཛད་པ་ཡིན་ཞིང་། སྤྱི་ལོ་༡༩༩༦ལོར་ངེད་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ་དེབ་གཟུགས་སུ་པར་སྒྲིག་དང་ཞུས་དག་བྱས་ནས་དཔར། སྤྱི་ལོ་༢༠༡༡ལོ་ཡས་མས་ཙམ་ལ་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ལུང་རིགས་སྨྲ་བའི་ཉི་མ་མཆོག་གིས་སློབ་འབངས་འགའ་ལ་ལྗགས་ལུང་གནང་སྐབས་བསྐྱར་ཞུས་གང་འཚམས་བྱ་ཐུབ་ཡོད། ཐེངས་འདིའི་བསྐྱར་པར་དུ་དེབ་ཀྱི་གྲེ་ཁ་ཆེ་རུ་བཏང་ཡོད་པ་དང་། ཡི་གེའི་གཟུགས་ཡག་ཤོས་ཡིན་ལ། དཀར་ཆག་ཀྱང་ཀ་མད་ཀྱི་སྒྲིག་རིམ་ལྟར་ཅུང་ཞིབ་རྒྱས་ཞིག་བསྒྲིགས་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།