logo

༄༅།།《ལྷ་སའི་དམངས་ཁྲོད་གླུ་གར—སྟོད་གཞས་དང་ནང་མའི་རོལ་དབྱངས་གཅེས་བཏུས་དང་དེའི་རྣམ་བཤད》ཅེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-06-09 ཀློག་གྲངས།:
      ཉེ་ཆར། རང་རྒྱལ་གྱི་མི་རིགས་རོལ་མོ་བ་སྤེན་རྡོར་ལགས་ཀྱིས་བསྒྲིགས་པའི《ལྷ་སའི་དམངས་ཁྲོད་གླུ་གར—སྟོད་གཞས་དང་ནང་མའི་རོལ་དབྱངས་གཅེས་བཏུས་དང་དེའི་རྣམ་བཤད》ཅེས་པའི་དེབ་འདི་ཉིད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
      དེབ་འདི་ཉིད་ནི་ལེའུ་ཆེན་པོ་གཉིས་ཀྱིས་གྲུབ་ཡོད་དེ། ལེའུ་དང་པོར་རྩོམ་པ་པོས་སྟོད་གཞས་དང་ནང་མའི་རོལ་དབྱངས་ཀྱི་འབྱུང་ཁུངས་དང་དུས་སྐབས་མི་འདྲ་བའི་འཕེལ་འགྱུར་གྱི་རྣམ་བཤད། དེ་མིན་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ཐད་བྱས་རྗེས་བླ་མེད་མཛད་མྱོང་མཁན་རྡོ་རིང་པཎྜི་ཏ་བསྟན་འཛིན་འཛིན་དཔལ་འབྱོར་དམིགས་སུ་བརྗོད་ཡོད།
      ལེའུ་གཉིས་པར་སྟོད་གཞས་དང་ནང་མའི་རོལ་དབྱངས་ཀྱི་དུས་རིམ་མི་འདྲ་བའི་འཕེལ་རྒྱས་ལ་གཞིགས་དབྱངས་ཡིག་དང་སྦྲགས་རོལ་དབྱངས་མི་འདྲ་བ་བརྒྱ་ལྷག་བདམས་ཡོད་པས། བོད་ཀྱི་གླུ་གར་ལ་ཞིབ་འཇུག་བྱེད་པར་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་མཁོ་འདོན་བྱས་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།