logo

ལྕམ་མོ་ཅུས་ལིའི་རང་རྣམ།

རྩོམ་པ་པོ།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་ ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-06-30 ཀློག་གྲངས།:
ཉེ་ཆར། ཚེ་དབང་ལྷུན་གྲུབ་གྱིས་བསྒྱུར་བའི་༼ལྕམ་མོ་ཅུས་ལིའི་རང་རྣམ༽ཞེས་པའི་བོད་འགྱུར་གྱི་དེབ་འདི་ཉིད་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
༼ལྕམ་མོ་ཅུས་ལིའི་རང་རྣམ༽
བསྒྱུར་བའི་གོ་རིམ་ཁྲོད་དུ། ལོ་ཙཱ་བས་སློབ་དཔོན་ཆེན་མོ་ཁྲེན་ཞའོ་ཆིང་གི་རྒྱ་འགྱུར་མ་གཞིར་བཟུང་ཞིང་དབྱིན་ཡིག་གི་མ་ཡིག་ལ་ཁུངས་གཏུགས་ཏེ། མ་རྩོམ་གྱི་ཁྱད་ཆོས་མ་ཡལ་ཞིང་བོད་མིའི་གོ་བདེ་བ་ཞིག་སྒྱུར་ཡོང་བར་འབད་པ་ལྷུར་ལེན་བྱས་ཡོད། དེ་ལ་ཐད་སྒྱུར་དང་དོན་སྒྱུར། སྣོར་སྒྱུར། འཕྲི་སྒྱུར། ཞབས་མཆན་འགོད་པ་སོགས་ཐབས་གང་ལ་གང་འཚམ་དུ་སྤྱད་ཡོད་ཅིང་། མི་ཤེས་པ་དང་མི་ཆོད་པ་དག་ཆེད་མཁས་པ་དག་གི་མདུན་སར་བཅར་ཏེ་བློ་འདྲི་དོགས་གཅོད་བྱས་ཡོད། འགྱུར་ཡིག་ཐོག་མ་གྲུབ་རྗེས། ལོ་ངོ་གཅིག་ལྷག་གི་དུས་ཡུན་བེད་སྤྱད་དེ་ཞུ་དག་ལན་མང་ཡང་བྱས་ཡོད་དོ།།
བསྒྱུར་པ་པོ་ངོ་སྤྲོད།
ཚེ་དབང་ལྷུན་གྲུབ། མཚོ་སྔོན་རེབ་གོང་ནས་སྐྱེས། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་ནས་ཤེས་རམས་པ་དང་རབ་འབྱམས་པའི་བསླབ་གནས་བླངས། 2010ལོར་གཞུང་ཞབས་པའི་བྱ་བར་ཞུགས། སྔ་རྗེས་སུ་ཞང་སྲིད་གཞུང་དང་། རྫོང་ཨུའི་རྩ་འཛུགས་པུའུ། ཁུལ་ཨུའི་གཞུང་སྒྲུབ་ཁང་གི་ཆ་འཕྲིན་ཁོའོ་དང་། ཁྲིམས་སྲོལ་ཁོའོ། ལྟ་ཞིབ་ཁང་སོགས་ལས་རྐང་མང་པོའི་སྦྱོང་བརྡར་བརྒྱུད་མྱོང་། ད་ལྟ་ཁུལ་ཨུའི་དབུ་ཁྲིད་ཀྱི་དྲུང་ཡིག་དང་། ཁུལ་ཨུའི་ལྟ་ཞིབ་ཁང་གི་ཀྲུའུ་རེན་གྱི་འགན་ཁུར་ཡོད། ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་དུས་དེབ་དང་ཚགས་པར་སོགས་སུ་སྙན་ངག་དང་དཔྱད་རྩོམ་བཅུ་ཕྲག་ལྷག་བཀོད་ཡོད།
འབྲེལ་ཡོད་འོས་སྦྱོར།