༢༠༢༢ལོའི་ལོ་ཐོ་གསར་བ་དགྲམ་རྩིས་འདུག
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།: སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2021-10-28
ཀློག་གྲངས།:

རྒྱ་ཆེའི་ཀློག་པ་པོ་རྣམ་པར་ཆེད་ཞུ།
བོད་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སོའོ་ཡིས་རྩོམ་སྒྲིག་བྱས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་དུ་པར་བསྐྲུན་བྱས་པའི་༢༠༢༢ལོའི་ལོ་ཐོ་སྟེ། ༼བོད་རབ་བྱུང་བཅུ་བདུན་པའི་ཆུ་སྟག་ལོའི་ལོ་ཐོ༽་དངོས་སུ་དཔར་གྲངས་བསྡུ་ལེན་བྱེད་བཞིན་ཡོད་པས། འདིར་དགོས་མཁོ་ཅན་གྱི་ཚོགས་པ་དང་མི་སྒེར་དག་གིས་འབྲེལ་ལམ་བརྒྱུད་དེ་ངེད་ལས་ཁུངས་ལ་འབྲེལ་བ་གནང་རོགས་ཞུ།
དེ་མིན་འདིར་རྒྱ་ཆེའི་ཀློག་པ་པོ་རྣམ་པར་དྲན་སྐུལ་ཞུ་བྱ་ནི། ངེད་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་ལོ་ཐོ་འདི་ཉིད་ནི་རྒྱལ་ཁབ་ཀྱིས་ངོས་འཛིན་དང་གཏན་འབེབས་གནང་ཡོད་པའི་བོད་ཁུལ་གྱི་ཚན་རིག་ཞིབ་འཇུག་ཁང་ཚད་ལྡན་གྱིས་སྒྲིག་རྩོམ་བྱས་པ་ཞིག་ཡིན་པས། ཁྱེད་ཅག་གིས་ལོ་ཐོ་ཉོས་སྐབས་ངེས་པར་དུ་ངེད་དཔེ་སྐྲུན་ཁང་དང་ཞིན་ཧྭ་དཔེ་ཚོང་ཁང་། དེ་མིན་ཚད་ལྡན་གྱི་དཔེ་ཚོང་ཁང་བརྒྱུད་ནས་ཉོ་བ་ལས་གང་བྱུང་དུ་ཉོ་མི་རུང་། མ་ཟད་ཁྱེད་ཅག་གིས་ད་ལོའི་བོད་རྩིས་ཀྱི་ལོ་ཐོ་གཙོས་པའི་དེབ་རིགས་གཞན་དག་གང་གི་པར་དབང་བརྐུས་པ་དང་དཔར་བ། བཀྲམ་པ་སོགས་ཀྱི་གནས་ཚུལ་དངོས་འབྲེལ་ཤེས་རྟོགས་བྱུང་ཚེ་འབྲེལ་ཡོད་ལས་ཁུངས་ལ་ཞུ་གཏུག་གནང་རོགས། ཁྲི་འདུ་གྲོང་ཁྱེར་འཆལ་སྤྱོད་རྡུང་རྡེག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་། ཁ་པར་ཨང་གྲངས་028-61885402ཡིན། ལྷ་སའི་འབྲེལ་གཏུག་ཁ་པར་ཨང་གྲངས་0891-6355621ཡིན། མཚོ་སྔོན་གྱི་འབྲེལ་གཏུག་ཁ་པར་ཨང་གྲངས་0971-6108459ཡིན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འབྲེལ་གཏུག་ཁ་པར་ཨང་གྲངས་028-80640535ཡིན། ཞུ་གཏུག་བྱས་པའི་གནས་ཚུལ་དངོས་འབྲེལ་ཡིན་ཚེ་འབྲེལ་ཡོད་སྡེ་ཁག་གིས་ཞུ་གཏུག་བྱེད་མཁན་ལ་དངུལ་གྱི་གཏང་རག་ངེས་ཅན་སྤྲོད་ངེས་ཡིན་ནོ། །
བོད་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སོའོ།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
སྤྱི་ལོ༢༠༢༡ལོའི་ཟླ༡༠པའི་ཚེས་༢༦ཉིན་ཕུལ།
འབྲེལ་ཡོད་འོས་སྦྱོར།