༄༅། །རྔ་བ་ཁུལ་ནང་བསྟན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་པར་བསྐྲུན་འགྲེམས་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2021-11-05
ཀློག་གྲངས།:
«རྔ་བ་ཁུལ་ནང་བསྟན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་»ཞེས་པའི་པོད་བཅུ་དགུའི་བདག་ཉིད་ཅན་ཀྱི་དཔེ་ཚོགས་འདི་ནི་ཉེ་ལམ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་གསར་དུ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་ཡིན། གཞུང་འདི་དག་ནི་མདོ་སྨད་ས་དཀར་བསྟན་པའི་གཙུག་རྒྱན། མཁས་པའི་ཁྱུ་མཆོག། གྲུབ་པའི་སར་ཞུགས་པ་རྣམས་ཀྱི་གསུང་རྩ་ཆེན་དག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡིན།
དེབ་ཚོགས་འདིའི་པོད་དང་པོ་ནས་བཅུ་བའི་བར་ནི་རོང་སྟོན་ཤེས་བྱ་ཀུན་རིག་གམ་ཤཱཀྱ་རྒྱལ་མཚན་ཀྱི་གསུང་འབུམ་དང་། པོད་བཅུ་གཅིག་པ་དཔལ་ཨ་ལི་དྷཱིཿཕུ་ཆོས་རྗེའི་བསྟན་བདག་བྱམས་ཆེན་གདན་རབས་བརྒྱད་པ་ངག་དབང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ། པོད་བཅུ་གཉིས་པ་དཔལ་ཨ་ལི་དྷཱིཿཕུ་ཆོས་རྗེའི་མཁན་ཆེན་བྱམས་པ་ངག་དབང་ལུང་རིགས་དཔལ་འབར་གྱི་གསུང་འབུམ། པོད་བཅུ་གསུམ་པ་དཔལ་ཨ་ལི་དྷཱིཕུ་ཆོས་རྗེའི་མཁན་ཆེན་བྱམས་པ་ངག་དབང་ཚུལ་ཁྲིམས་དང་དྲུག་རམས་པ་རྣམ་གཉིས་ཀྱི་གསུང་འབུམ། པོད་བཅུ་བཞི་པ་དཔལ་ཨ་ལི་དྷཱིཿཕུ་ཆོས་རྗེ་དགོན་བཤད་སྒྲུབ་ནོར་བུ་ཆོས་ཀྱི་འཕེལ་གླིང་གི་སྤྱན་རས་གཟིགས་དབང་ཆོས་གྲགས་བཟང་པོ་གཙོས་མཁན་སྤྲུལ་སྐྱེས་ཆེན་དམ་པའི་གསུང་ཐོར་བུ། པོད་བཅོ་ལྔ་ནས་བཅུ་བདུན་པའི་བར་རྔ་ཡུལ་ས་སྒང་དགོན་ཐུབ་བསྟན་དགེ་འཕེལ་གླིང་གི་བྱམས་པ་དཀོན་མཆོག་བློ་གྲོས་ཀྱི་གསུང་འབུམ། པོད་བཅོ་བརྒྱད་པ་རྔ་ཡུལ་ས་སྒང་དགོན་ཐུབ་བསྟན་དགེ་འཕེལ་གླིང་གི་ངག་དབང་བསྟན་པའི་རྒྱལ་མཚན་ནམ་སྤྲུལ་སྐུ་ཚང་གི་གསུང་འབུམ། པོད་བཅུ་དགུ་པ་རྔ་ཡུལ་ཐུབ་བསྟན་དགེ་ལེགས་གཏེར་མཛོད་གླིང་གི་ཁྲི་སྐལ་བཟང་མཁྱེན་བརྩེ་དཔལ་ལྡན་གྱི་གསུང་འབུམ་བཅས་བཞུགས་ཡོད་དོ། །


རོང་སྟོན་ཤེས་བྱ་ཀུན་རིག་གམ་ཤཱཀྱ་རྒྱལ་མཚན་ཀྱི་གསུང་འབུམ། པོད་བཅུ།

དཔལ་ཨ་ལི་དྷཱིཿཕུ་ཆོས་རྗེའི་བསྟན་བདག་བྱམས་ཆེན་གདན་རབས་བརྒྱད་པ་ངག་དབང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ། པོད་བཅུ་གཅིག་པ།

དཔལ་ཨ་ལི་དྷཱིཿཕུ་ཆོས་རྗེའི་མཁན་ཆེན་བྱམས་པ་ངག་དབང་ལུང་རིགས་དཔལ་འབར་གྱི་གསུང་འབུམ། པོད་བཅུ་གཉིས་པ།

དཔལ་ཨ་ལི་དྷཱིཿཕུ་ཆོས་རྗེའི་མཁན་ཆེན་བྱམས་པ་ངག་དབང་ཚུལ་ཁྲིམས་དང་དྲུག་རམས་པ་རྣམ་གཉིས་ཀྱི་གསུང་འབུམ། པོད་བཅུ་གསུམ་པ།

དཔལ་ཨ་ལི་དྷཱིཿཕུ་ཆོས་རྗེ་དགོན་བཤད་སྒྲུབ་ནོར་བུ་ཆོས་ཀྱི་འཕེལ་གླིང་གི་སྤྱན་རས་གཟིགས་དབང་ཆོས་གྲགས་བཟང་པོ་གཙོས་མཁན་སྤྲུལ་སྐྱེས་ཆེན་དམ་པའི་གསུང་ཐོར་བུ། པོད་བཅུ་བཞི་པ།

རྔ་ཡུལ་ས་སྒང་དགོན་ཐུབ་བསྟན་དགེ་འཕེལ་གླིང་གི་བྱམས་པ་དཀོན་མཆོག་བློ་གྲོས་ཀྱི་གསུང་འབུམ། པོད་བཅོ་ལྔ་ནས་བཅུ་བདུན་པའི་བར།

རྔ་ཡུལ་ས་སྒང་དགོན་ཐུབ་བསྟན་དགེ་འཕེལ་གླིང་གི་ངག་དབང་བསྟན་པའི་རྒྱལ་མཚན་ནམ་སྤྲུལ་སྐུ་ཚང་གི་གསུང་འབུམ། པོད་བཅོ་བརྒྱད་པ།

རྔ་ཡུལ་ཐུབ་བསྟན་དགེ་ལེགས་གཏེར་མཛོད་གླིང་གི་ཁྲི་སྐལ་བཟང་མཁྱེན་བརྩེ་དཔལ་ལྡན་གྱི་གསུང་འབུམ། པོད་བཅུ་དགུ་པ།
འབྲེལ་ཡོད་འོས་སྦྱོར།