༄༅། །རྒྱལ་སྨན་རྒྱ་ཡེ་ཉི་མ་ལགས་ཀྱི་«སྨན་གྱི་འཁྲུངས་དཔེ»དང་«སྨན་གྱི་འདུལ་སྦྱོང་»པར་དུ་བསྐྲུན་པའི་འཕྲིན་བཟང་།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།
དུས་ཚོད།:2022-01-07
ཀློག་གྲངས།:
ཉེ་ཆར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་«སྨན་གྱི་འཁྲུངས་དཔེ»དང་«སྨན་གྱི་འདུལ་སྦྱོང་»ཞེས་པའི་དེབ་འདི་གཉིས་ནི་རྒྱལ་སྨན་སློབ་དཔོན་ཆེན་མོ་རྒྱ་ཡེ་བློ་བཟང་ཉི་མ་མཆོག་གི་དངོས་སུ་ཕྱག་ལེན་གནང་བའི་སྨན་རྒྱུའི་ངོས་འཛིན་དང་འདུལ་ལུགས་རྣམས་རྗེས་འཇུག་སློབ་བུ་མང་པོས་ཟིན་འདེབས་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་ཡིན།

རྩོམ་པ་པོ་ངོ་སྤྲོད།

རྒྱལ་སྨན་ཆེན་མོ་ཨ་ཁུ་ཉི་མ་ལགས་ནི༡༩༣༢ལོར་མཚོ་སྔོན་པོའི་ལྷོ་རྒྱུད་རྒྱ་ཡེ་ཞེས་པའི་སྡེ་རུ་སྐུ་འཁྲུངས་ཤིང་བོད་ཀྱི་གསོ་རིག་སོགས་རིག་གནས་ཀུན་ལ་བརྩོན་པ་རྡོ་རུས་ཐུག་པ་མཛད། སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་སྤྱི་གཞོན་པ་དང་སྨན་པ་འབུམ་རམས་པ། མཚོ་སྔོན་བོད་སྨན་སློབ་གླིང་གི་ཤེས་རམས་པ་དང་འབུམ་རམས་སློབ་མའི་མཛུབ་སྟོན་སློབ་དཔོན་སོགས་ཀྱི་འགན་བཞེས་ཏེ་བོད་ཀྱི་གསོ་རིག་འཛིན་སྐྱོང་སྤེལ་གསུམ་ལ་བྱས་རྗེས་མི་དམན་པ་བཞག ལས་ཞོར་ཏུ་བོད་སྨན་གནའ་དཔེ་འཚོལ་བསྡུ་དང་དག་སྒྲིག་གི་ལས་ལ་ཞུགས་ཏེ་བློ་འདོན་གྲོས་བསྐུལ་དང་། ལྷག་པར་ཏུ«མཚོ་སྔོན་བོད་སྨན་ཚད་གཞི»དང་། «བོད་སྨན་གནའ་རྩོམ་གཅེས་བཏུས» «གསོ་རིག་ལག་ལེན་སྤྱི་དོན་སྒྲོན་མ» «ཐོར་ནད་གསོ་བ» «རྒྱུན་འབྱུང་ནད་རིགས་འཇོམས་པའི་སྨན་སྦྱོར་སྡེབ་ཡིག» «སྨན་གྱི་ནོར་འཕྲེང་བསལ་བ་ཚེས་པའི་ཟླ་བ»སོགས་རིན་ཐང་གཞལ་དུ་མེད་པའི་དཔེ་དེབ་དང་དཔྱད་རྩོམ་བཅུ་གྲངས་ཙམ་ཕྱག་རྩོམ་མཛད་དེ་ཕྱི་རབས་བུ་སློབ་མང་པོའི་རྒྱགས་ཕྱེ་ཉིད་དུ་ལེགས་པར་བསྩལ་ཡོད་དོ། །
ཞེས་རྒྱལ་སྨན་སློབ་དཔོན་ཆེན་མོ་ཉི་མའི་ཕྱག་ལེན་རྒྱུད་འཛིན་ཁང་ནས།
༢༠༢༢ལོའི་ཟླ༡ཚེས༤ཉིན།
༢༠༢༢ལོའི་ཟླ༡ཚེས༤ཉིན།
འབྲེལ་ཡོད་འོས་སྦྱོར།