logo

«མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས»དཔེ་ཚོགས་ལས«མཚོ་ཤར་གླེགས་བམ»འགྲེམ་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-03-07 ཀློག་གྲངས།:
        མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི༢༠༢༡ལོའི་བྱ་བའི་གྲོས་ཚོགས་དང་མཚོ་བོད་མཐོ་སྒང་གི་རི་ཆུ་རིག་གནས་སྐོར་གྱི་བརྗོད་བྱ་མཉམ་སྤྱོད་ཚོགས་འདུ་གནའ་མཁར་ཟི་ལིང་དུ་བསྡུས།
        ཟླ༣པའི་ཚེས༥ཉིན་མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི༢༠༢༡ལོའི་བྱ་བའི་གྲོས་ཚོགས་དང་མཚོ་བོད་མཐོ་སྒང་གི་རི་ཆུ་རིག་གནས་སྐོར་གྱི་བརྗོད་བྱ་མཉམ་སྤྱོད་ཚོགས་འདུ་གནའ་མཁར་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ«མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས»དཔེ་ཚོགས་ལས«མཚོ་ཤར་གླེགས་བམ»འགྲེམ་སྤེལ་བྱས་ཤིང་། མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་བསོད་ནམས་ཚེ་རིང་དང་། དྲུང་ཡིག་ཆེན་མོ་ཅིན་བསོད་ནམས། ཚོགས་གཙོ་གཞོན་པ་པདྨ་ལྷུན་གྲུབ། དྲུང་ཡིག་ཆེན་མོ་གཞོན་པ་རྡོ་དཀར་ཚེ་དཔལ་སྟོབས་ལྡན་སོགས་ཀྱི«མཚོ་ཤར་གླེགས་བམ»སྐོར་གྱི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས། ལས་གཞི་འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཟུར་བ་བློ་བཟང་ལྷུན་གྲུབ་རྡོ་རྗེ་ཡིས་གཙོ་སྐྱོང་གནང་བའི་རྒྱལ་ཁབ་རིམ་པའི་གཙོ་གནད་ལས་གཞིའི་གྲས་ཡིན།
        འདི་ནི་ཏང་ཀྲུང་དབྱང་གི“མཚོ་བོད་མཐོ་སྒང་ནི་རང་རེའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བའི་ལྕགས་རི་དང་། ཀྲུང་ཧྭ་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་ཁུལ་ཡིན”ཞེས་པའི་ཐབས་ཇུས་བཀོད་སྒྲིག་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་བཅས་གཞི་གཅིག་ཏུ་སྦྱར་ཏེ། མཚོ་བོད་མཐོ་སྒང་གི་ས་ཁུལ་སོ་སོ་ནས་ལས་གཞིའི་མགོ་བརྩམས་པ་དང་དུས་མཚུངས་སུ། མཚོ་ཤར་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྐབས་ཐོག་འགན་འཛིན་པ་སྐུ་ཞབས་ལྷ་རྒྱལ་དང་སངས་རྒྱས་གཉིས་ཀྱིས་རང་རེའི་རྒྱལ་ཁབ་དང་མི་རིགས་མང་པོའི་བདེ་ཐང་དང་ཚེ་སྲོག་ལ་ཐད་ཀར་འབྲེལ་བ་ཡོད་པའི་མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་སྲུང་སྐྱོབ་ཀྱི་བྱ་གཞག་ཆེན་པོའི་གལ་ཆེན་རང་བཞིན་དང་དུས་བབ་རང་བཞིན་སོགས་ལ་དམིགས་ཏེ། མཚོ་ཤར་ས་ཁུལ་སོ་སོའི་འབྲེལ་ཡོད་མགོ་ཁྲིད་དང་ལས་བྱེད་མི་སྣ་བསྡུས་ནས་ཆེད་དུ་སྐུལ་སློང་ཚོགས་ཆེན་འཚོགས་ཏེ་བསམ་བློའི་མཛུབ་སྟོན་དང་། བྱ་བའི་འཆར་གཞི། མ་དངུལ་འགྲོ་གྲོན་སོགས་ཀྱི་ཐད་ནས་ཡང་དག་པ་དང་། ཕུན་སུམ་ཚོགས་པ། རང་མོས་ཡོད་པ་བཅས་ཀྱི་སྒོ་ནས་ལས་རིམ་ཐག་གཅོད་བྱས་པར་མ་ཟད། ས་ཁུལ་སོ་སོ་ནས་རི་གྲོང་རྟོག་དཔྱོད་པའི་དགེ་རྒན་དང་ཞིབ་འཇུག་པ་རྣམས་ལ་འབྲེལ་གཏུགས་ས་ཚིགས་བཙུགས་ཏེ་ལས་གཞི་ལག་བསྟར་དང་། རྒྱུ་ཆ་མཁོ་འདོན་ལ་སྟབས་བདེ་གང་ལེགས་བཟོས་པ་དང་། གཞན་མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་སྐུ་ཞབས་ཅིན་བསོད་ནམས་དང་། ཆམ་ཚང་པདྨ་ལྷུན་གྲུབ། རྡོ་དཀར་ཚེ་དཔལ་སྟོབས་ལྡན་བཅས་ཀྱིས་ཀྱང་ལས་གཞི་འདིའི་མགོ་མཇུག་བར་གསུམ་གྱི་བྱ་བའི་ཕྱོགས་སོ་སོ་ནས་གཙོ་འགན་བཞེས་ཐོག མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་དང་། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་དང་རིག་གནས་ཐིན་གྱི་ཞིབ་འཇུག་པ་སྐོར་ཞིག་གིས་རྩོམ་འབྲི་གནང་བ་རེད།
འབྲེལ་ཡོད་འོས་སྦྱོར།