logo

ཨ་སྐྱོང་རྟོགས་ལྡན་བློ་གྲོས་རྒྱ་མཚོའི་གསུང་འབུམ་པར་དུ་སྐྲུན།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2022-03-29 ཀློག་གྲངས།:
        ཉེ་ཆར། «ཨ་སྐྱོང་རྟོགས་ལྡན་བློ་གྲོས་རྒྱ་མཚོའི་གསུང་འབུམ»ཞེས་པའི་དེབ་གསར་འདི་ཉིད་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
        གསུང་འབུམ་འདི་ཉིད་སྟོད་སྨད་བར་ཆ་སྟེ་པོད་གསུམ་གྱི་བདག་ཉིད་ཀྱིས་གྲུབ་ཅིང་། དེར་ཞལ་གདམས་དང་སྒྲུབ་སྐོར། འདུལ་བའི་གླེང་གཞི། ཐུན་མོང་བློ་སྦྱོང་གི་ཆོས་སྐོར་སོགས་ཞལ་གསལ་ཞིང་དོན་ཟབ་པ་མང་དུ་མཆིས། ཁྱད་པར་དུ་ཐུན་མིན་འོད་གསལ་རྫོགས་པ་ཆེན་པོའི་ཁྲིད་ཡིག་ཟབ་པ་དང་རྒྱ་ཆེ་བའི་ཆོས་སྐོར་སོགས་རིག་གནས་ཀྱི་རིན་ཐང་གཞལ་དུ་མེད་པ་ཁག་བཞུགས་པས། འདིར་བོད་ཀྱི་རིག་གནས་སྲུང་སྐྱོབ་ཀྱི་ཐད་ལ་རིན་ཐང་ངེས་ཅན་ལྡན་ནོ།།
        མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཨ་སྐྱོང་རྟོགས་ལྡན་བློ་གྲོས་རྒྱ་མཚོ་མཆོག་ནི་སྤྱི་ལོ༡༩༣༠ལོར་མགོ་ལོག་རྨ་ཆེན་རྫོང་གི་མངའ་ཁོངས་སུ་སྐུ་འཁྲུངས་ཤིང་སྤྱི་ལོ་༢༠༠༢ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན། ཁོང་ནི་རྟེན་དགེ་སློང་རྡོ་རྗེ་འཛིན་པ་ངེས་པ་དོན་གྱི་སྦས་པའི་རྣལ་འབྱོར་པ་ཞིག་སྟེ། སྐུ་ཚེ་གང་བོར་སྒྲུབ་པ་ཉམས་ལེན་ཁོ་ན་མཛད་དེ་རྟོགས་པའི་ས་མཐོར་གཤེགས་ཤིང་དགོངས་པའི་ཀློང་མཛོད་རྡོལ་བའི་སྐྱེས་ཆེན་དམ་པ་ཞིག་ཀྱང་ཡིན་ལ། བོད་ཀྱི་རིག་གནས་འཕེལ་རྒྱས་ལ་མཛད་རྗེས་མངོན་པར་འཕགས་པའི་མཁས་དབང་ཞིག་ཀྱང་ཡིན་ནོ།།
འབྲེལ་ཡོད་འོས་སྦྱོར།