༄༅།།དཔེ་འཕྲིན་གཉིས།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2022-05-06
ཀློག་གྲངས།:
དཔེ་འཕྲིན་དང་པོ།
བོད་ཀྱི་གསོ་བ་རིག་པའི་གནའ་དེང་དཔེ་ཆའི་རྟོག་ཞིབ་དང་ལེགས་སྒྲིག་ཞིབ་འཇུག་གི་རིམ་སྤེལ་གྲུབ་འབྲས་བྱ་བའི་དཔེ་ཚོགས་འདི་ནི་བོད་ལྗོངས་སྨན་རྩིས་ཁང་གིས་དག་བསྒྲིགས་གནང་བ་དང་། ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

དཔེ་ཚོགས་འདིར། «སྨན་རྩིས་མཁས་དབང་མཁྱེན་རབ་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས»དང་། «འཚོ་མཛད་བཀྲ་ཤིས་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས» དེལ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི«དྲི་མེད་ཤེལ་གང་དང་ཤེལ་ཕྲེང» མཁས་པ་ཕྱག་རྡུམ་གྱི«ལག་ལེན་རིན་ཆེན་སྒྲོན་མེ་ལས་མཁས་པ་ཕྱག་རྡུམ་གྱི་ཁྱད་བཅོས» ཞང་རུ་ཡོང་གཟི་བརྗིད་འབར་གྱི«སྒྲོན་གསལ་གདམས་པ་སུམ་ཅུ་པ» གཡུ་ཐོག་ཡོན་ཏན་མགོན་པོ་སོགས་ཀྱི«སྨན་པའི་བསླབ་བྱ་གཅེས་བཏུས»བཅས་གསུང་རྩོམ་དང་ཡིག་ཆ་རྩ་ཆེན་གྱི་སྐོར་བསྡུས་ཡོད།
གསུང་རྩོམ་འདི་དག་གི་དཔེ་བཤུས་དག་ལ་ནང་དོན་ནི་གསོ་བ་རིག་པའི་ལོ་རྒྱུས་དང་། ཡིག་ཆ། གཞུང་འགྲེལ། སྨན་སྦྱོར། སྨན་སྣ་ངོས་འཛིན། བཅོས་ཐབས། ལག་ལེན། སྨན་པའི་བསླབ་སྤྱོད་ལ་སོགས་མཁོ་གལ་ཤིན་ཏུ་ཆེ་བའི་ཡིག་ཆ་རྣམས་ཕྱོགས་བསྡུས་བྱས་པ་ཞིག་གོ །
དཔེ་འཕྲིན་གཉིས་པ།
ཉེ་ཆར། ཞིང་འབྲོག་དཔེ་ཚོགས་རྣམ་གྲངས་ལས། སློབ་དཔོན་བསྐལ་བཟང་དར་རྒྱས་ཀྱིས་བརྩམས་པའི་བརྡ་དག་གསལ་སྒྲོན་ཞེས་པ་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

དེབ་འདི་ཉིད་ནི་ལོ་རབས་བརྒྱད་ཅུ་པའི་ནང་དུ་དབུ་མེད་ཡིག་ཆུང་གི་ངང་པར་དུ་བཏབ་བའི་མ་དཔེ་ལ་གཞིར་བཟུང་ཐོག་རྩ་བའི་ཚིག་ཏུ་སོང་བ་རྣམས་ནི་ལས་དང་པོ་བས་བློ་རུ་འཛིན་བདེ་ཕྱིར་ཁོལ་དུ་ཕྱུང་ཞིང་། མཆན་འགྲེལ་དུ་ཡིག་ནོར་ཡིན་ངེས་ཅན་རྣམས་དག་བཅོས་ཅི་ནུས་བྱས་ཤིང་ཆད་པའི་རིགས་ཁ་སྣོན་བྱས་པ་དང་། དེའི་སྟེང་དུ་གང་གིས་བརྩམས་པའི་བརྡ་སྦྱོར་སྙིང་པོ་དོན་གསལ་རྩ་འགྲེལ་ཤིན་ཏུ་ཁ་གསལ་ཞིང་བློར་འཛིན་བདེ་བ་དེ་ཉིད་ལྷན་དུ་བསྒྲིགས་ཏེ་སློབ་གཉེར་བར་ཆེད་དམིགས་སུ་དུ་པར་དུ་བསྐྲུན་པ་ལགས་སོ། །
འབྲེལ་ཡོད་འོས་སྦྱོར།