༄༅།།མིའི་རིགས་ཀྱི་ལོ་རྒྱུས་སྙིང་བསྡུས—སྲོག་ཆགས་ནས་འཇིག་རྟེན་བྱེད་པོ་ལ་འཕེལ་བའི་རིམ་པ།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2022-05-20
ཀློག་གྲངས།:
ཉེ་ཆར། མགོན་པོ་དོན་གྲུབ་དང་ཚེ་རིང་སྒྲོལ་མ་གཉིས་ཀྱིས་བསྒྱུར་བའི«མིའི་རིགས་ཀྱི་ལོ་རྒྱུས་སྙིང་བསྡུས—སྲོག་ཆགས་ནས་འཇིག་རྟེན་བྱེད་པོ་ལ་འཕེལ་བའི་རིམ་པ»ཞེས་པའི་བོད་འགྱུར་མ་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

«མིའི་རིགས་ཀྱི་ལོ་རྒྱུས་སྙིང་བསྡུས—སྲོག་ཆགས་ནས་འཇིག་རྟེན་བྱེད་པོ་ལ་འཕེལ་བའི་རིམ་པ»ཞེས་པའི་ལོ་རྒྱུས་ཀྱི་དཔེ་དེབ་འདི་ནི་དབྱི་སི་རལ་ནས་སྐྱེས་པའི་ལོ་རྒྱུས་མཁས་དབང་ཡུ་བལ་ནོ་ཨ་ཧཱ་ར་རཱིས་བརྩམས། ཁོང་ནི་སྤྱི་ལོ1976ལོར་དབྱི་སི་རལ་རྒྱལ་ཁབ་ཏུ་སྐྱེས་ཤིང་། 2002ལོར་དབྱིན་ཇིའི་ཨོག་སེ་ཕོག་ཊེ་གཙུག་ལག་སློབ་གྲྭ་ཆེན་མོའི་ལོ་རྒྱུས་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ་པ་དང་། ད་ལྟ་རྗེ་རུ་ས་ལེམ་གྱི་ཧེ་བྷི་རྀའུ་སློབ་གྲྭ་ཆེན་མོ་རུ་དགེ་རྒན་གྱི་འགན་བཞེས་ཡོད། གོ་ལ་ཧྲིལ་པོ་ནས་གདེང་འཇོག་ཆེན་པོ་ཐོབ་བཞིན་པའི་ལོ་རྒྱུས་མཁས་ཅན་ཞིག་ཡིན་ཞིང་། འཛམ་གླིང་ལོ་རྒྱུས་དང་སྤྱི་ཁོག་གི་ལོ་རྒྱུས་འཕེལ་རིམ་ལ་ཞིབ་འཇུག་བྱེད་པར་ཤིན་ཏུ་མཁས། ཁོང་གིས«མིའི་རིགས་ཀྱི་ལོ་རྒྱུས་སྙིང་བསྡུས»དང«དེ་རིང་གི་ལོ་རྒྱུས་སྙིང་བསྡུས» «མ་འོངས་པའི་ལོ་རྒྱུས་སྙིང་བསྡུས»བཅས་བརྩམས་པ་དང་། «མིའི་རིགས་ཀྱི་ལོ་རྒྱུས་སྙིང་བསྡུས»ཞེས་པའི་དཔེ་དེབ་འདི་ནི་དབྱི་སི་རལ་དུ་བྲིན་ཁ་རྒྱུག་པའི་དཔེ་དེབ་ཅིག་ཏུ་གྱུར་ཅིང་། མིག་སྔར་དཔེ་དེབ་འདི་རྒྱལ་ཁབ30ལྷག་ལ་པར་དབང་སྤྲད་ནས་སྐད་རིགས་སུམ་བཅུ་ལྷག་ལ་བསྒྱུར་ཡོད། ཁོང་ལོ་རྒྱུས་རིག་པ་ཕུད་མིའི་རིགས་རིག་པ་དང་སྣོད་བཅུད་རིག་པ། གཞི་རྒྱུ་རིག་པ་སོགས་ཀྱི་ཤེས་བྱ་ལ་ཡང་བྱང་ཆ་ཡོད། དཔེ་དེབ་འདིའི་ཁྲིད་གཞིYOUTUBEསྟེང་བརྒྱུད་བསྐུར་བྱས་རྗེས་གོ་ལ་ཧྲིལ་པོར་ཁྱབ་པ་དང་རྒྱབ་སྐྱོར་བྱེད་མཁན་བགྲང་གིས་མི་ལངས་པ་ཞིག་ཡོད་དོ། །

«མིའི་རིགས་ཀྱི་ལོ་རྒྱུས་སྙིང་བསྡུས—སྲོག་ཆགས་ནས་འཇིག་རྟེན་བྱེད་པོ་ལ་འཕེལ་བའི་རིམ་པ»ཞེས་པའི་ནང་སྐྱེ་དངོས་རིག་པའི་ངོས་ནས་མིའི་རིགས་ཀྱི་ལོ་རྒྱུས་ངོ་སྤྲོད་བྱས་ཡོད། རྩོམ་པ་པོ་ཡུ་བལ་ནོ་ཨ་ཧཱ་ར་རཱིས་སྐྱེ་དངོས་རིག་པས་མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་ཚད་ལ་ཚོད་འཛིན་བྱེད་པ་དང་། རིག་གནས་ཀྱིས་ཚད་བཀག་འདིའི་ནང་དུ་བྱུང་བའི་དོན་དག་གསར་བཏོད་བྱས་ཤིང་། ལོ་རྒྱུས་ནི་རིག་གནས་འཕོ་འགྱུར་གྱི་ཟིན་ཐོ་ཡིན་པར་བརྗོད་ཡོད། «མིའི་རིགས་ཀྱི་ལོ་རྒྱུས་སྙིང་བསྡུས»ལས་གདོད་མའི་རྡོ་ཆས་དུས་སྐབས་ནས་ད་རག་བར་དུ་ཤེས་མིའི་འཕེལ་འགྱུར་ལོ་རྒྱུས་དུས་རིམ་བཞི་ལ་དབྱེ་ཡོད་དེ།
གཅིག མྱོང་རྟོགས་གསར་བརྗེ།(ཧ་ལམ་སྤྱི་ལོ་སྔོན་གྱི70000ལོར། ཤེས་མིའི་འཕེལ་འགྱུར་དབང་གིས་བསམ་པའི་བཀོད་ཤུགས་བྱུང་སྟེ། གཏམ་རྒྱུད་བརྗོད་བྱེད་ཀྱི་སྐད་ཆ་བྱུང་།)གཉིས། ཞིང་ལས་གསར་བརྗེ།(སྤྱི་ལོ་སྔོན་གྱི12000ལོ་ནས་ཞིང་ལས་འཕེལ་རྒྱས་བྱུང་ནས་ཤེས་མིས་སྲོག་ཆགས་དང་རྩི་ཤིང་འདུལ་གསོ་བྱེད་འགོ་བརྩམས།)
གསུམ། མིའི་རིགས་ཀྱི་མཉམ་འདྲེས་གཅིག་གྱུར།(མིའི་རིགས་ཀྱི་ཆབ་སྲིད་རྩ་འཛུགས་རིམ་བཞིན“འཛམ་གླིང་ཅན་གྱི་བཙན་རྒྱལ”ཞིག་ཏུ་གྱུར།)
བཞི། ཚན་རིག་གསར་བརྗེ།(སྤྱི་ལོ1500ལོ་ནས་བཟུང་དེང་རབས་ཀྱི་ཚན་རིག་བྱུང་བ་རེད།)
འབྲེལ་ཡོད་འོས་སྦྱོར།