༄༅། །«ཏུན་ཧོང་ཡིག་རྙིང་ཕྱོགས་བསྒྲིགས་ཀྱི་དཔེ་ཚོགས»དང«བོད་ཀྱི་ལོ་རྒྱུས་བསྟན་བཅོས་བརྒྱ་རྩའི་དཀར་ཆག་ཕྱོགས་བསྒྲིགས»གཉིས་ད་ལྟ་དངོས་སུ་པར་བསྐྲུན་བྱས།
རྩོམ་པ་པོ།:དབང་ཆེན་རྡོ་རྗེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-07-13
ཀློག་གྲངས།:
དབང་ཆེན་རྡོ་རྗེ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི«ཏུན་ཧོང་ཡིག་རྙིང་ཕྱོགས་བསྒྲིགས་ཀྱི་དཔེ་ཚོགས»(དེབ་ལྔ)དང«བོད་ཀྱི་ལོ་རྒྱུས་བསྟན་བཅོས་བརྒྱ་རྩའི་དཀར་ཆག་ཕྱོགས་བསྒྲིགས»ཞེས་པའི་གཉིས་ད་ལྟ་དངོས་སུ་པར་བསྐྲུན་བྱས་ཡོད།

«ཏུན་ཧོང་ཡིག་རྙིང་ཕྱོགས་བསྒྲིགས་ཀྱི་དཔེ་ཚོགས»འདིར་དེབ་དང་པོ་ནས་དྲུག་པའི་བར་བསྒྲིགས་ཡོད་ལ། དེབ་རེར་ཏུན་ཧོང་ཡིག་རྙིང་གི་ནང་དོན་མི་འདྲ་བའི་ཡིག་ཆ་ལྟར་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་པར་མ་ཟད། ཡིག་ཆ་རེ་རེར་ངོ་སྤྲོད་དང་མིང་བརྡ་གོ་དཀའ་བའི་རིགས་ལ་མཆན་འགོད་ཀྱང་བྱས་འདུག་པས། ཀློག་པ་པོ་དང་ཞིབ་འཇུག་གནང་མཁན་ཡོངས་ལ་སྟབས་བདེ་དང་བཀོལ་སྤྱོད་བྱེད་པར་ཕན་ཐོགས་ཆེན་པོ་ཞིག་བསྐྲུན་ཡོད། དཔེ་ཚོགས་འདི་ནི་ཏུན་ཧོང་ཡིག་རྙིང་གི་ནང་དོན་ལྟར་ཡིག་ཆ་རྣམས་ཕྱོགས་བསྒྲིགས་གནང་པ་ཐོག་མ་དེ་ཡིན་ལ། རྩོམ་སྒྲིག་པས་ད་ལྟ་ད་དུང་མུ་མཐུད་ནས་དེབ་རྗེས་མ་དག་ཕྱོགས་བསྒྲིགས་བྱེད་བཞིན་མཆིས།

«བོད་ཀྱི་ལོ་རྒྱུས་བསྟན་བཅོས་བརྒྱ་རྩའི་དཀར་ཆག་ཕྱོགས་བསྒྲིགས»ནི་ད་སྔར་ལག་སོན་བྱུང་བའི་བོད་ཡིག་གི་ཤིང་པར་དང་ལག་བྲིས་མ། ལྕགས་པར་སོགས་ཀྱི་བསྟན་བཅོས་གྲགས་ཆེན་མང་པོ་དག་གི་དཀར་ཆག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་ཡིན་པས། དེབ་འདིས་བོད་ཀྱི་ལོ་རྒྱུས་ལ་ལྟ་ཀློག་དང་ཉམས་ཞིབ་གནང་བར་སྟབས་བདེ་བླ་མེད་ཞིག་བསྐྲུན་ཡོད།
འབྲེལ་ཡོད་འོས་སྦྱོར།