logo

དགེ་རྒན་ཆེན་མོ་བྱ་མདོ་ཀླུ་བྱམས་རྒྱལ་ལགས་ཀྱི་བརྩམས་ཆོས་གསར་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་། དུས་ཚོད།:2022-08-11 ཀློག་གྲངས།:
        ཡུལ་གངས་ཅན་པའི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཉེར་གཅིག་གཡུ་ཐོག་ཡབ་སྲས་དགྱེས་པའི་མཆོད་སྤྲིན་ནམ། བོད་ཀྱི་གསོ་རིག་ཁྱད་ཆོས་གཡུ་ཐོག་མཆོད་སྤྲིན་ཞེས་བྱ་བ་འདིར་རྩོམ་པ་པོས་བོད་ཀྱི་གསོ་བ་རིག་པ་ཉིད་གནའ་དེང་ཀྲུང་ཕྱིའི་སྲོལ་རྒྱུན་གསོ་བ་རིག་པའི་གཞུང་ལག་ལེན་གྱི་གཞི་སྒྲོམ་དུ་བླངས་ཏེ། ཕྱོགས་ཡོངས་ཆ་ཚང་གི་དབྱེ་འབྱེད་དང་གཤིབ་བསྡུར་གྱི་རིགས་ཁུངས་ལ་གཏུགས་ནས་རྗེ་གཡུ་ཐོག་པའི་ལུགས་ཀྱི་གསོ་དཔྱད་རིག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ། རིགས་པའི་གཞུང་ལུགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། གསོ་བ་རིག་པའི་སློབ་རྒྱུན་གྱི་བར་ཟམ་ཆད་མྱོང་མེད་པ། གསོ་རིག་སློབ་གསོའི་ལམ་ལུགས་སྔ་མོ་ནས་གྲུབ་པ། གནའ་ནས་རིག་གཞུང་བགྲོ་གླེང་གི་སྲོལ་རྣམ་ལེགས་པར་ཕྱེས་པ། ལུས་ནད་གཉེན་པོ་གསུམ་གྱི་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་བར་མཐོང་བ། སྨན་རྩིས་ཉི་ཟླ་ཟུང་འབྲེལ་གྱི་རིགས་རྣམ། དྲང་ངེས་གཉིས་ལ་བགར་བའི་གསོ་རིག་གི་བརྗོད་གཞི། རྩ་རླུང་སེམས་གསུམ་གྱི་རྣམ་གཞག གཉིས་བཞི་བརྒྱད་ཀྱི་བདེ་ཐང་ངོས་འཛིན། མེ་དྲོད་ཀྱི་རྣམ་བཤད། དཔེ་གཟུགས་གཉིས་ཀྱི་སྒོ་ནས་ནད་ནད་མེད་ཀྱི་གོ་བརྡ་སྤྲོད་ཚུལ། ཆོས་བཅུའི་རིགས་ལམ། ཚ་བ་གསོ་བའི་གཞུང་ལུགས། མཚོན་རྨའི་ལག་ལེན། སྨན་ལ་སྦྱར་ཐབས་ཀྱི་ཆོ་ག་མང་དུ་ལྡན་པ། སྨན་པ་བྱང་སེམས་བདག་པོར་བསྟན་ཡོད་ཚུལ་སོགས་ཆེ་བ་ཉེར་གཅིག་གི་གྲངས་སུ་བྱས་ནས་སྤེལ་བ་ལ། མི་རིགས་ཀྱི་ཧེ་བག་དང་། རིག་ཚན་གྱི་ཁྱད་པར་སོགས་ལ་མ་བལྟོས་པར་མང་མང་གི་ཡིད་ལ་འབབ་སླ་ཞིང་རྣ་བར་འགྲོ་བདེ་བ་དཀྱུས་གཅིག་ཏུ་ཚང་བར་བཀོད་པའི་དགེ་མཚན་ཆེའོ། །
འབྲེལ་ཡོད་འོས་སྦྱོར།