«རྨ་ལྷོ་བོད་ཀྱི་ཟློས་གར་འཁྲབ་གཞུང་ཕྱོགས་བསྒྲིགས»ཞེས་པ་པར་སྐྲུན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2022-10-31
ཀློག་གྲངས།:
ཉེ་ལམ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི«རྨ་ལྷོ་བོད་ཀྱི་ཟློས་གར་འཁྲབ་གཞུང་ཕྱོགས་བསྒྲིགས»ཞེས་པ་འདི་ནི་ཨ་ལོ་རིན་ཆེན་རྒྱལ་པོས་གཙོ་སྒྲིག་བྱས་ཤིང་། རྨ་ལྷོ་ཁུལ་མི་རིགས་ཟློས་གར་ཚོགས་པས་བསྡུ་སྒྲིག་དང་ཞུ་དག་མཛད་དེ་གྲུབ་པ་ཞིག་ཡིན། འདི་ནི་ད་ལྟའི་ཆར་བོད་ཀྱི་ཟློས་གར་བསྡུ་སྒྲིག་བྱས་པ་ཆེས་ཕུན་སུམ་ཚོགས་པའི་དེབ་ཅིག་ཏུ་བགྲངས་ཆོག

དེབ་འདིར་ཁྱོན་པོད་གསུམ་ཡོད་དེ། སྟོད་ཆ་རུ«སྲོང་བཙན་སྒམ་པོ»དང«དྲི་མེད་ཀུན་ལྡན»སོགས་བོད་ཀྱི་ལྷ་མོའི་རྣམ་ཐར་བརྒྱད་དུ་གྲགས་པའི་ཟློས་གར་འཁྲབ་གཞུང་བརྒྱད་དང་། བར་ཆ་རུ«ཤྭ་བདའ»དང«རྒྱལ་པོ་རཱ་མ་ཎ་།» «ཨ་སྟག་ལྷ་མོ»སོགས་འཁྲབ་གཞུང་བཅུ་གསུམ་ཡོད། སྨད་ཆ་རུ«རྒྱལ་སྲས་ནོར་བཟང»དང«ཡིད་འཕྲོག་ལྷ་མོ།» «གསེར་གྱི་སྐྱ་རེངས»སོགས་ད་ཆ་རྨ་ལྷོ་བོད་ཀྱི་ཟློས་གར་ཚོགས་པས་འཁྲབས་ཟིན་པའི་འཁྲབ་གཞུང་བདུན་ཙམ་བསྡུས་ཡོད།

«རྨ་ལྷོ་བོད་ཀྱི་ཟློས་གར་འཁྲབ་གཞུང་ཕྱོགས་བསྒྲིགས»ཞེས་པ་འདི་དེབ་སྤུས་མ་ལྔ་བརྒྱ་དང་། དེབ་དཀྱུས་མ་སྟོང་གཉིས་དཔར་ཡོད། དེབ་འདིའི་དེབ་གཞིའི་མཛེས་འཆོས་མཁན་ནི་ཀརྨ་རྡོ་རྗེ་ཚེ་རིང་དང་། རྩོམ་སྒྲིག་འགན་ཁུར་པ་ནི་བསོད་ནམས་དབང་རྒྱལ་དང་གནམ་ལྷ་རྒྱལ་གཉིས་ཡིན།
འབྲེལ་ཡོད་འོས་སྦྱོར།