logo

དེབ་གསར་འདི་གཉིས་སྒོར་ཐོན་འདུག

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2023-02-15 ཀློག་གྲངས།:
       དཔེ་ཚོགས་འདི་ཉིད་ནི་གྲངས་ཉུང་མི་རིགས་དང་མཐའ་མཚམས་ས་ཁུལ་གྱི་རིག་གནས་བདེ་འཇགས་ཀྱི་ཆེད་སྤྱོད་རོགས་དངུལ་རྣམ་གྲངས་གྲས་ཡིན་ཞིང་། འདིར་རིན་སྤུངས་ངག་དབང་འཇིག་རྟེན་གྲགས་པས་མཛད་པའི«སྙན་ངག་མེ་ལོང་གི་རྒྱ་ཆེར་འགྲེལ་པ་མི་འཇིགས་པ་སེངྒེའི་རྒྱུད་ཀྱི་ང་རོའི་དབྱངས»དང་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི«སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས» བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི«སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལ་འཇུག་པའི་བཤད་སྦྱར་དཎྜིའི་དགོངས་རྒྱན» འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི«སྙན་དངགས་མེ་ལོང་གི་འགྲེལ་པ་དབྱངས་ཅན་དགྱེས་པའི་རོལ་མཚོ» འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི«རྒྱན་གྱི་བསྟན་བཅོས་མེ་ལོང་པཎ་ཆེན་བླ་མའི་གསུང་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ་ལེགས་བཤད་ནོར་བུའི་འབྱུང་ཁུངས» དུང་དཀར་བློ་བཟང་འཕྲིན་ལས་ཀྱི«སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད» དམུ་དགེ་བསམ་གཏན་རྒྱ་མཚོའི«དབྱངས་ཅན་ཞལ་ལུང་ཉི་མ་འབུམ་གྱི་འོད་ཅན་ཞེས་བྱ་བའི་འབྲུ་འགྲེལ་ཡང་གསལ་སྣང་བའི་མཛོད» པྲ་ཏི་རིན་ཆེན་དོན་གྲུབ་ཀྱི«སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན་དང་རྟགས་ཀྱི་འཇུག་པའི་དགོངས་འགྲེལ་གསལ་བ» སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི«ཡུལ་གངས་ཅན་པའི་བརྡ་ཡང་དག་པར་སྦྱོར་བའི་བསྟན་བཅོས་ཀྱི་བྱེ་བྲག་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་གི་རྣམ་པར་བཤད་པ་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས» དངུལ་ཆུ་དྷརྨ་བྷ་དྲའི«ཡུལ་གངས་ཅན་གྱི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་མཆོག་སི་ཏུའི་ཞལ་ལུང» གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི«བོད་ཀྱི་བརྡ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེའུ་མིག» རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི«སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་འབྲུ་འགྲེལ་འཕྲུལ་གྱི་ལྡེ་མིག» ཉན་ཤུལ་མཁྱེན་རབ་འོད་གསལ་གྱི«སུམ་ཅུ་པའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ་དང་རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ» ཚེ་ཏན་ཞབས་དྲུང་གི«གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་བ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང» དམུ་དགེ་བསམ་གཏན་རྒྱ་མཚོའི«བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས» དབྱངས་ཅན་རོལ་པའི་འོ་མཚོའི«དག་ཡིག་མཁས་པ་དགའ་སྐྱེད» དཔྱི་ས་བློ་གྲོས་རྒྱ་མཚོའི«བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས་བཀོད་པའི་སྐབས་ཞེས་བྱ་བ» ཨ་ལག་ཤ་ངག་དབང་བསྟན་དར་གྱི«དག་ཡིག་གཅེས་བསྡུས་འཁྲུལ་སྤོང་དང་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན» དམུ་དགེ་བསམ་གཏན་གྱི«བྱིས་པའི་དག་ཡིག ས་སྐྱ་པཎྜི་ཏའི་བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་བཤད» ལྕང་སྐྱ་རོལ་པའི་རྡོ་རྗེའི«དག་ཡིག་མཁས་པའི་འབྱུང་གནས»བཅས་པོད་ཉེར་གཅིག་གིས་གྲུབ་ཡོད་དོ།།
 
       དེབ་འདིར་གཙོ་བོ་ས་བཅད་བཅུའི་སྒོ་ནས་གཞས་གྱི་སྒྱུ་རྩལ་དང་འབའ་གཞས་ངོ་སྤྲོད་བྱས་ཡོད་དེ། དང་པོ་གཞས་ཀྱི་བྱུང་འཕེལ་གྱི་ལོ་རྒྱུས་ལ་གཞས་ཀྱི་བརྡ་ཆད་དང་དེའི་གྲུབ་ཆ། གཉིས་པ་པི་ཝང་གི་བརྗོད་པ་ལ་དེའི་གྲུབ་བྱེད་དང་དཀྲོལ་བའི་ཚུལ་དང་གདངས་ཀྱི་ཁྱད་ཆོས། དེ་མིན་པི་ཝང་གི་ཐ་སྙད་ཀྱི་བྱུང་ཚུལ། གསུམ་པ་གཞས་ཀྱི་མིང་འདོགས་ཚུལ་ལ་ཚིག་ངོས་ནས་འདོགས་ཚུལ་དང་གཞས་ཚིག་ཁྲོད་ཀྱི་ཚིག་གྲོགས་ནས་མིང་འདོགས་ཚུལ། བཞི་པ་གཞས་ཚིག་ལ་བརྗོད་བྱའི་སྒོ་ནས་རིགས་ཀྱི་དབྱེ་བ་བསྟན་པ། ལྔ་པ་གཞས་ཀྱི་ལུས་བཤད་པ་ལ་ཚེག་བར་དྲུག་མ་ནས་བཅུ་མ་དང་ཚིག་རྐང་གཉིས་ནས་ཉི་ཤུ་ཅན། དྲུག་པ་གཞས་ཀྱི་སྲོག་བཤད་པ་ལ་མཐུན་སྒྲིལ་འཆམ་མཐུན་གྱི་འདུ་ཤེས་དང་དྲིན་གཟོ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སོགས་བསྟན་པ། བདུན་པ་གཞས་ཀྱི་རྒྱན་བཤད་པ་ལ་མེ་ལོང་མའི་རྗེས་སུ་མཐུན་པའི་རྒྱན་བསྟན་པ་དང་མེ་ལོང་མ་དང་མི་མཐུན་པའི་གཞས་རང་གི་རྒྱན་བསྟན་པ། གཞས་ཚིག་ལས་སྒྲ་རྒྱན་བསྲེས་མ་འགའ་བསྟན་པ། བརྒྱད་པ་གཞས་ཀྱི་ཉམས་བསྟན་པ་ལ་དཀྲོལ་བའི་དབྱངས་ཀྱི་ཉམས་དང་འཆམ་ཀྱི་ཉམས། གྱེར་བའི་གདངས་ལས་བྱུང་བའི་ཉམས་སོགས་བསྟན་པ། དགུ་པ་འབའ་གཞས་ཀྱི་བྱེ་བྲག་གཞས་མོ་བཤད་པ་ལ་སྦས་པའི་ཚུལ་གྱིས་གཞས་མོ་དང་མགོ་ངེས་མེད་ནས་འཛུགས་པ། རྒྱབ་གཏོད་པ། ངོ་གཏོད་པ། གཞས་མོའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་དེའི་བསམ་བློའི་རང་བཞིན་བཤད་པ། བཅུ་པ་འབས་གཞས་ནི་འབའ་བའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཡིན་ཚུལ་སོགས་བརྗོད་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།