logo

«བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད»ཞེས་པ་པར་སྐྲུན་བྱས།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-17 ཀློག་གྲངས།:
       ཉེ་ཆར། དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་བརྩམས་པའི«བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།
       དགེ་རྒན་ཁོང་གིས་གསུངས་པ་ལྟར། དེབ་འདི་ལས་རྒན་ཁོང་གི་ལྟ་བ་དང་། བོད་ཀྱི་སྐད་ཆ་དང་ཡི་གེ་ལ་དུངས་པའི་བརྩེ་བ་ལ་སོགས་རྟོགས་ནུས་ལ། དེབ་འདི་ཉིད་རྨང་གཞིར་བཟུང་ནས་གོ་བ་ཟབ་མོ་བླངས་ཏེ། སྦྱངས་པ་ནན་ཏན་བྱས་པའི་རྨང་གཞིའི་སྟེང་། ད་གཟོད་རིམ་གྱིས་རིམ་གྱིས་དཔེ་ཆ་གཞན་པར་བལྟས་ན་ངེས་ཤེས་ཟབ་མོ་སྐྱེས་ཐུབ་ལ། དེ་ལ་བརྟེན་ནས་ཡན་ལག་གཞན་པ་ཐམས་ཅད་འཕེལ་རྒྱས་འགྲོ་བ་དེ་འདྲ་ཞིག་ཡིན།
       དགེ་རྒན་ལྕགས་ཐར་རྒྱལ་ལགས་ཀྱིས་ད་ལྟའི་བར་དུ«བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད»དང«རིག་འཕྲུལ་ལྡེ་མིག» «རིག་འཕྲུལ་མེ་ལོང» «རིག་འཕྲུལ་རྒྱན་ཕྲེང» «རིག་འཕྲུལ་བུམ་བཟང»ཟེར་བ་དེ་ལྟ་བུའི་རིག་འཕྲུལ་གྱི་མིང་བཏགས་ཡོད་པའི་དཔེ་ཆ་མང་པོ་ཞིག་པར་སྐྲུན་བྱས་པ་རེད། དེ་ན་དེ་དག་ཀུན་གྱིས་ནང་ནས། རྩ་བའམ་རྨང་གཞིར་གྱུར་པ«བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད»ཟེར་བ་འདི་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།