logo

སྙན་ངག་པ་ཁྲ་གླག་སྲས་ཀྱི་སྙན་དེབ«འཕགས་མ་སྣང་གསལ»འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-27 ཀློག་གྲངས།:
       ཕ་ཡུལ་མཚོ་ལྷོ་བྲག་དཀར་རྫོང་ནས་ཡིན་པའི་སྙན་ངག་པ་ཚེ་རིང་དབང་ལྡན་ནམ་ཁྲ་གླག་སྲས་ཀྱི་སྙན་དེབ་ཐོག་མ་སྟེ། རང་གི་བུ་མོ་གསུམ་པ་འཕགས་མ་སྣང་གསལ་གྱི་མིང་གིས་མཚན་པའི་སྙན་དེབ«འཕགས་མ་སྣང་གསལ»ཞེས་པ་ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་འདུག

རྩོམ་པ་པོ།
       ཁྲ་གླག་སྲས། དངོས་མིང་ལ་ཚེ་རིང་དབང་ལྡན་དུ་འབོད། བྲག་དཀར་རྫོང་གནམ་ཐང་ཡུལ་ཚོའི་ཁྲ་རྡེའུ་ཞེས་པའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན། 2019ལོ་ནས2022ལོའི་བར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་ནས་རབ་འབྱམས་ཞིབ་འཇུག་པའི་བསླབ་བྱར་སློབ་གཉེར་བྱས།  ད་ལྟའི་བར«སྦྲང་ཆར»དང«གངས་རྒྱན་མེ་ཏོག» «བོད་ཀྱི་རྩོམ་རིག་སྒྱུ་རྩལ»སོགས་ཀྱི་སྟེང་དུ་སྙན་ངག་དང་ལྷུག་རྩོམ་གཙོས་པའི་བརྩམས་ཆོས་བཅུ་ཕྲག་དྲུག་ལྷག་སྤེལ། ད་སྐབས་བྲག་དཀར་རྫོང་མི་རིགས་སློབ་འབྲིང་དུ་སློབ་གསོའི་ལས་དོན་ལ་སྐབས་བབ་ཀྱི་བགྱི་བ་དོན་དུ་གཉེར་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།