logo

བོད་ཀྱི་བརྡ་སྤྲོད་ཉེར་མཁོ་ཕྱོགས་བསྒྲིགས།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་། དུས་ཚོད།:2023-07-18 ཀློག་གྲངས།:
       དེ་ཡང་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་ལོག་སྨྲ་ཚར་གཅོད་པའམ་ཚིག་གི་འཁྲུལ་བ་རྣམ་པར་སེལ་བྱེད་སྒྲ་རིག་པ་ནི་བོད་ཀྱི་སྐད་དང་ཡི་གེའི་རྣམ་བཞག་མ་ནོར་བར་སྟོན་པའི་རིག་གཞུང་གལ་ཆེན་པོ་ཞིག་ཡིན་ལ། བོད་ཀྱི་བརྡ་སྤྲོད་སྨྲ་བ་བྱིངས་ཀྱི་དགོངས་ཚུལ་ལྟར་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྩིས་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཏེ། དུས་རབས་བདུན་པའི་ནང་ཐོན་མི་སམྦྷོ་ཊ་རྒྱ་གར་དུ་བཏང་ནས་ལེགས་སྦྱར་གྱི་སྐད་ལ་བྱང་པར་སྦྱངས་ཤིང་། བོད་རང་གི་སྐད་ཀྱི་གདངས་སོར་བཞག་ཅིང་བརྡའི་སྦྱོར་ལུགས་ཀྱི་ང་རོ་ལ་ཐུགས་གཞིགས་ཟབ་མོ་གནང་སྟེ་བོད་ཀྱི་ཡི་གེའི་དབྱངས་གསལ་གྱི་རྣམ་བཞག་གཏན་ལ་ཕབ། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ། སྒྲའི་བསྟན་བཅོས་མུན་སེལ་སྒྲོན་མེ། ཐོན་མིའི་མདོ་རྫིའི་སྒྲ་མདོ། སྔགས་ཀྱི་བཀླག་ཐབས་མུན་པའི་སྒྲོན་མེ་སོགས་བོད་ཀྱི་བརྡ་སྤྲོད་པའི་ལུགས་དང་མཐུན་པའི་སྒྲ་རིག་པའི་གཞུང་དང་ཐ་སྙད་རིག་གནས་ཀྱི་བསྟན་བཅོས་མང་པོ་མཛད། མདོ་སྡེ་དཀོན་མཆོག་སྤྲིན་དང་། མདོ་སྡེ་ཟ་མ་ཏོག་བཀོད་པ་སོགས་ལེགས་སྦྱར་གྱི་སྐད་དུ་བཞུགས་པའི་གཞུང་རྣམས་བོད་སྐད་དུ་བསྒྱུར་བ་སོགས་བོད་ཀྱི་སྒྲ་རིག་པའི་རིག་གཞུང་འཕེལ་རྒྱས་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས།
       འདིར་སྤྱིའི་ཆ་ལ་དག་ཡིག་དང་སུམ་རྟགས་ཞེས་རིགས་ཆེན་པོ་གཉིས་སུ་ཕྱེས་ཤིང་། མཛད་པ་པོའི་འཁྲུངས་འདས་ལོ་ཚིགས་ལྟར་གོ་རིམ་བསྒྲིགས་ཡོད། དེར་གཞུང་སོ་སོའི་བསྡུར་གཞིའི་མ་ཡིག་དང་སྡུར་བྱེད་ཟུར་ལྟའི་བསྟན་བཅོས་ཀྱི་ཁུངས་དང་མཛད་པ་པོའི་ངོ་སྤྲོད་མདོར་བསྡུས་འོག་མཆན་དུ་བཀོད་ཡོད།
དཀར་ཆག
དག་ཡིག་གི་སྐོར།
བརྡ་དག་གི་ལྡེ་མིག ལོ་ཆེན་སྐ་བ་དཔལ་བརྩེགས།
དག་ཡིག་ཉེར་མཁོ་བསྡུས་པ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ།
དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།
དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།
བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ། ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོ།
བོད་ཀྱི་སྐད་ལས་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང་། སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས།
བོད་ཀྱི་བརྡ་ཡིག་མཁས་པའི་ངག་གི་སྒྲོན་མ། དཔལ་ཁང་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོ།
དག་ཡིག་མཁས་པ་དགའ་སྐྱེད། དབྱངས་ཅན་རོལ་བའི་འོ་མཚོ།
དག་ཡིག་བློ་གསར་གཞོན་ནུ་དགའ་བྱེད། ཅོ་ནེ་གྲགས་པ་བཤད་སྒྲུབ།
དག་ཡིག་ཚིག་གསལ་སྒྲོན་མེ། ཅོ་ནེ་གྲགས་པ་བཤད་སྒྲུབ།
ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན། ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པ།
ཡི་གེའི་མཐའ་དཔྱོད་མ་དག་པའི་དྲི་མ་འཁྲུད་པའི་ཆབ་གཙང་། ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པ།
དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པའི་སྐྱ་རེངས་གསར་པ། ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པ།
གངས་ཅན་གྱི་བརྡའ་གསར་རྙིང་ལས་བརྩམས་པའི་བརྡའ་ཡིག་བློ་གསལ་མགྲིན་རྒྱན། ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པ།
བོད་ཡིག་གི་གནས་དང་བྱེད་རྩོལ་ངོས་འཛིན་ཚུལ་གསར་པའི་གཏམ་གྱི་མྱུ་གུ། དབྱངས་ཅན་གྲུབ་པའི་རྡོ་རྗེ།
མིང་གཅིག་དོན་མང་པོ་ལ་འཇུག་ཚུལ་བཤད་པ་བློ་གསལ་མགྲིན་རྒྱན། དབྱངས་ཅན་གྲུབ་པའི་རྡོ་རྗེ།
བོད་ཀྱི་བརྡའི་རྣམ་བཞག་ཉུང་ངུར་བསྡུས་པ་སྨྲ་བའི་སྒྲོན་མེ། དབྱངས་ཅན་གྲུབ་པའི་རྡོ་རྗེ།
བརྡ་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད། དབྱངས་ཅན་གྲུབ་པའི་རྡོ་རྗེ།
ལས་ཀྱི་ཚིག་ཐམ་ཅད་གསལ་བར་བྱེད་པ་མཁས་པའི་མགྲིན་རྒྱན། ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན།
ས་མཐའི་རྣམ་གྲངས་མདོ་མཚོན། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
ས་མཐའ་མེད་སྨྲ་དགག་པ་ལེགས་བཤད་རིན་པོ་ཆེའི་གཏེར། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
སྒྲ་རིག་གནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས། དཔྱི་ས་དཀོན་མཆོག་བློ་གྲོས་རྒྱ་མཚོ།
བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ངག་སྒྲོན་གྱི་འགྲེལ་པ་ཚིག་གསལ། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན།
བྱིས་པའི་དག་ཡིག དམུ་དགེ་བསམ་གཏན་རྒྱ་མཚོ།
སློབ་ཆུང་དག་ཡིག བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་སློབ་གཞི་རྩོམ་སྒྱུར་ཁང་།
སུམ་རྟགས་ཀྱི་སྐོར།
ལུང་སྟོན་པ་རྩ་བ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ། ཐོན་མི་སཾ་བྷོ་ཊ།
གནས་བརྒྱད་ཆེན་པོའི་རྩ་བ། ལྕེ་ཁྱི་འབྲུག
གནས་བརྒྱད་འགྲེལ་པ། ལྕེ་ཁྱི་འབྲུག
སྨྲ་བའི་སྒོ་མཚོན་ཆ། སྨྲྀ་ཏི་ཛྙཱ་ན་ཀཱིརྟི།
ཡི་གེའི་སྦྱོར་བ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།
སུམ་ཅུ་པའི་འགྲེལ་པ། དབུས་པ་བློ་གསལ།
རྟགས་འཇུག་གི་འགྲེལ་པ། དབུས་པ་བློ་གསལ།
རྟགས་འཇུག་གི་ཊཱིཀ གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ།
སློབ་དཔོན་ཨ་ནུས་མཛད་པའི་བོད་ཀྱི་སྐད་ཀྱི་གསུང་རབ་ལ་འཇུག་ཚུལ་སུམ་ཅུ་པའི་རྣམ་འགྲེལ། ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོ།
བྱཱ་ཀ་ར་ཎའི་རྟགས་ཀྱི་འཇུག་པ་རྣམ་པར་གསལ་བའི་ལེགས་བཤད། ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོ།
བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་པ་ཞེས་བྱ་བའི་རྣམ་བཤད་ཀུན་ཏུ་བཟང་པོའི་དགོངས་པ་རབ་ཏུ་གསལ་བར་བྱེད་པའི་རྒྱན། པྲ་ཏི་རིན་ཆེན་དོན་གྲུབ།
རྟགས་ཀྱི་འཇུག་པའི་དགོངས་འགྲེལ་གསལ་བར་བཤད་པ། པྲ་ཏི་རིན་ཆེན་དོན་གྲུབ།
སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིག་དོན་གསལ་བར་བྱེད་པའི་སྣང་བ། ཅོ་ནེ་གྲགས་པ་བཤད་སྒྲུབ།
ཡུལ་གངས་ཅན་པའི་བརྡ་ཡང་དག་པར་སྦྱོར་བའི་བསྟན་བཅོས་ཀྱི་བྱེ་བྲག་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་གི་རྣམ་པར་བཤད་པ་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས།
སུམ་ཅུ་པ་དང་རྟགས་འཇུག་གི་དོན་ཉུང་ངུར་བཤད་པ་བློ་ལྡན་དགའ་བསྐྱེད། ལྕང་སྐྱ་རོལ་བའི་རྡོ་རྗེ།
རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ། དབྱངས་ཅན་དགའ་བའི་བློ་གྲོས།
རྟགས་ཀྱི་འཇུག་པའི་དཀའ་གནས་བདག་གཞན་དང་བྱ་བྱེད་ལས་གསུམ་གྱི་ཁྱད་པར་ཞིབ་ཏུ་ཕྱེ་བ་ཉུང་གསལ་འཕྲུལ་གྱི་ལྡེ་མིག དབྱངས་ཅན་དགའ་བའི་བློ་གྲོས།
སུམ་ཅུ་པ་དང་རྟགས་འཇུག་གི་དོན་གོ་སླ་བར་བསྡུས་པའི་བཤད་པ་སྐལ་ལྡན་ཡིད་ཀྱི་པདྨ་འབྱེད་པའི་སྣང་བའི་མཛོད། ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པ།
ཡུལ་གངས་ཅན་གྱི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་མཆོག་སི་ཏུའི་ཞལ་ལུང་། དངུལ་ཆུ་དྷརྨ་བྷ་དྲ།
སུམ་རྟགས་ཀྱི་བསྡུས་དོན། དངུལ་ཆུ་དྷརྨ་བྷ་དྲ།
སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོ། དབྱངས་ཅན་གྲུབ་པའི་རྡོ་རྗེ།
རྟགས་ཀྱི་འཇུག་པའི་སྙིང་པོའི་དོན་མདོ་ཙམ་བརྗོད་པ་དཀའ་གནད་གསལ་བའི་མེ་ལོང་། དབྱངས་ཅན་གྲུབ་པའི་རྡོ་རྗེ།
བོད་ཀྱི་བརྡའ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བཏུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།
གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་བ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་། ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས།
བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས། དམུ་དགེ་བསམ་གཏན་རྒྱ་མཚོ།
བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་ཚིག་འགྲེལ་རབ་གསལ་སྒྲོན་མེ། དམུ་དགེ་བསམ་གཏན་རྒྱ་མཚོ།
བརྡ་སྤྲོད་བློ་གསལ་དགའ་སྟོན། དམུ་དགེ་བསམ་གཏན་རྒྱ་མཚོ།
དུས་གསུམ་བསྐུལ་ཚིག་དང་བཅས་པའི་རེའུ་མིག དམུ་དགེ་བསམ་གཏན་རྒྱ་མཚོ།
སུམ་ཅུ་པའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ། ཉན་ཤུལ་མཁྱེན་རབ་འོད་གསལ།
རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ། ཉན་ཤུལ་མཁྱེན་རབ་འོད་གསལ།
བྱ་བྱེད་འདས་སྐུལ་བཅས་ཀྱི་རེའུ་མིག ཉན་ཤུལ་མཁྱེན་རབ་འོད་གསལ།
བྱ་ཚིག་གི་དུས་གསུམ་སྐུལ་ཚིག་བཅས་ཀྱི་རེའུ་མིག
ཡི་གེའི་སྐྱེ་གནས་ཀྱི་དཔེ་རིས།
ཡི་གེ་སྐྱེ་གནས་ཀྱི་རེའུ་མིག
དབྱངས་ཀྱི་སྒྲ་འབྱིན་ཚུལ།
ཡི་གེའི་ཕོ་མོའི་རེའུ་མིག
ཕྲད་ལྟོས་པ་ཅན་གྱི་རེའུ་མིག
སྤྱི་ལོ་དང་རབ་བྱུང་གི་རེའུ་མིག
ཟླ་བ་དང་སྐར་ཁྱིམ་གྱི་མིང་གི་རེའུ་མིག
ཚེས་ཀྱི་མིང་གི་རེའུ་མིག
དུས་གཟེར་ཉེར་བཞིའི་རེའུ་མིག
འབྲེལ་ཡོད་འོས་སྦྱོར།