logo

༄༅། །ཏུན་ཧོང་ཡིག་རྙིང་གི་དེབ་གསར་ངོ་སྤྲོད།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-07-27 ཀློག་གྲངས།:
       དབང་ཆེན་རྡོ་རྗེ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི«ཏུན་ཧོང་ཡིག་རྙིང་ཕྱོགས་བསྒྲིགས་ཀྱི་དཔེ་ཚོགས»དེབ་བཞི་ཅན་འདི་ད་ལྟ་དངོས་སུ་པར་བསྐྲུན་བྱས་ཡོད།
       ཏུན་ཧོང་ཡིག་རྙིང་གི་སྐོར་གྱི་དེབ་དེ་དག་ནི«ཏུན་ཧོང་ཡིག་རྙིང་གི་ལྷ་ཆོས»དང་། «ཏུན་ཧོང་ཡིག་རྙིང་གི་མི་ཆོས» «ཏུན་ཧོང་ཡིག་རྙིང་གི་རྩོམ་རིག» «ཏུན་ཧོང་ཡིག་རྙིང་གི་གསོ་རིག»བཅས་དེབ་བཞི་བོ་དེ་ཡིན་ལ། དེབ་དེ་དག་རྣམས་ཀྱི་ནང་དུ་ཡིག་ཆ་རེ་རེ་བཞིན་ངོ་སྤྲོད་གནང་ཡོད་པ་མ་ཟད། དེབ་རེར་ཆ་སྙོམས་ཀྱི་མིང་བརྡ་རྙིང་བ་ཉིས་སྟོང་ལྷག་ལ་མཆན་བཏབ་ཡོད་པས། སྤྱིའི་བསྡོམས་པས་མིང་བརྡ་དགུ་སྟོང་ཉེ་བ་ཞིག་ལ་མཆན་བཀོད་ཡོད་པས། ཀློག་པ་པོ་དང་ཞིབ་འཇུག་གནང་མཁན་ཡོངས་ལ་སྟབས་བདེ་དང་བཀོལ་སྤྱོད་བྱེད་པར་ཕན་ཐོགས་ཆེན་པོ་ཞིག་བསྐྲུན་ཡོད། དཔེ་ཚོགས་འདི་ནི་ཏུན་ཧོང་ཡིག་རྙིང་གི་ནང་དོན་ལྟར་ཡིག་ཆ་རྣམས་ཕྱོགས་བསྒྲིགས་གནང་པ་ཐོག་མ་དེ་ཆགས་ཡོད།
འབྲེལ་ཡོད་འོས་སྦྱོར།