logo

«བོད་ཀྱི་བྲིས་འབུར་སྒྱུ་རྩལ་ཞིབ་འཇུག»ཅེས་པའི་དེབ་པར་སྐྲུན་འགྲེམས་སྤེལ་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2023-08-16 ཀློག་གྲངས།:
       ཉེ་ཆར། འབུམ་རམས་པ་ཀུན་བཟང་རྒྱལ་མཚན་གྱིས་གཙོ་སྒྲིག་བྱས་པའི«བོད་ཀྱི་བྲིས་འབུར་སྒྱུ་རྩལ་ཞིབ་འཇུག»ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།
       དེབ་འདིར་རྒྱ་བོད་ཡིག་རིགས་གཉིས་ཀའི་ལམ་ནས་བྲིས་པའི་དཔྱད་རྩོམ་ཉེར་བཞི་ལྷག་ཕྱོགས་གཅིག་ཏུ་བསྡུས་ཡོད། དཔྱད་རྩོམ་འདི་དག་ནི་ལོ་འདི་གའི་རིང་སྨྱུག་འཛིན་པ་དག་གིས་གསར་རྙེད་གནང་བའི་དཔྱད་འབྲས་གསར་བ་རྐྱང་རྐྱང་ཡིན་པས། ཞིབ་འཇུག་གི་ལས་འདིར་འཇུག་མཁན་དག་ལ་གོ་བསྐོན་བློ་འགུག་གི་ནུས་པ་ཐོན་སྲིད་ལ། སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་ཁག་གིས་རིག་གཞུང་དཔྱད་རྩོམ་གྱི་འབྲི་སྟངས་ལ་སློབ་སྦྱོང་བྱེད་སའི་དཔེ་སྟོན་དུའང་འགྱུར་སྲིད། གཞན་ཡང་དེབ་འདིར་སྤེལ་བའི་དཔྱད་རྩོམ་གྱི་བར་བཅུག་རི་མོ་དག་ཅུང་གསལ་བོར་བཀོད་ཡོད་ཙ་ན། བོད་ཀྱི་བྲིས་འབུར་སྒྱུ་རྩལ་ལ་དོན་གཉེར་བྱེད་མཁན་ཚོ་ལའང་ཕན་པ་ངེས་ཅན་ཞིག་ལྡན་ངེས་སོ། །
སྐྱུ་ར་ལྷ་ཆེན་ལུགས་ལྟར་བཞེངས་པའི་སངས་རྒྱས་ཡེལ་པ་དང་ཆོས་རྗེ་སྨར་པའི་ཞལ་ཐང་།
འབྲེལ་ཡོད་འོས་སྦྱོར།