logo

དེབ་གསར། «དམངས་སྲོལ་རིག་གནས་ཕྱོགས་བསྒྲིགས»

རྩོམ་པ་པོ།: ཡོང་ཁུངས།:མཚོ་ནུབ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2023-09-13 ཀློག་གྲངས།:
       ཉེ་ལམ། མཚོ་ནུབ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་ཁང་སོགས་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་ཐོབ་པ་བརྒྱུད། ལོ་ན་དོན་བརྒྱད་ལ་བསླེབས་པའི་དམངས་ཁྲོད་སྒྲུང་བ་ཊཱ་ཀི་ཡིས་ལོ་ངོ་དུ་མའི་རིང་གི་དུས་ཚོད་བེད་སྤྱད་ནས་རྩོམ་འབྲི་དང་སྒྲིག་རྩོམ་བྱས་པའི«དམངས་སྲོལ་རིག་གནས་ཕྱོགས་བསྒྲིགས»ཀྱི་དཔེ་དེབ་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་ལེགས་འགྲུབ་བྱུང་།
       དཔེ་དེབ་འདིར་ཡིག་གྲངས་ཁྲི་ཉི་ཤུ་ལྷག་ཡོད་ལ། དེའི་ནང་དམངས་སྲོལ་ལག་ཤེས་དང་རིག་གནས་ཀྱི་སྐོར་ནས་མེས་པོའི་སྦྲ་ནག་གམ་བོད་པའི་ཕ་ཁྱིམ་སྨུག་པོའི་སྐོར་དང་། ས་དཀར་ཐབ་ཀ་རང་འབར་གྱི་སྐོར། བོང་སྟག་ཡུལ་གྱི་ལོ་སར་བསུ་སྲོལ་སྐོར། དམར་ལྡན་གྱི་ཤེས་བྱའི་སྐོར་སོགས་དམངས་སྲོལ་གྱི་ལག་ཤེས་དང་འབྲེལ་བའི་རིག་གནས་དང་། དེ་མིན། བྱམས་བརྩེའི་དྲོད་ཁོལ་གནང་བའི་མ་ཡུམ་ལ་བསྟོད་པའི་སྐོར་དང་། སྒོ་ཁྱིའི་ནུས་བ་དང་ཁྱད་དུ་འཕགས་པའི་སྤྱོད་བཟང་གི་སྐོར། གནམ་གཤིས་དང་འཚོ་བའི་རྒྱུན་ཤེས་སྐོར། སྲིད་པའི་གཏམ་གྱི་ཉིང་བཅུད་གནའ་མིའི་གཏམ་དཔེའི་སྐོར། འབྲོག་པའི་ཡུལ་དངོས་བརྗོད་པ་སོགས་བརྗོད་བྱར་བྱས་ཏེ་རང་གི་མི་ཚེའི་མྱོང་བ་དང་། འཚོ་བའི་སྣང་ཚུལ་ལས་འཕྲོས་པའི་མཐོང་ཐོས་རྣལ་མ་དེ་བྲིས་ཡོད་ལ། འདི་ཡིས་ས་གནས་ཀྱི་དམངས་ཁྲོད་རིག་གནས་སྔོག་འདོན་ལ་ནུས་པ་གང་ལེགས་ཐོན་ཡོད།
འབྲེལ་ཡོད་འོས་སྦྱོར།