རྩོམ་པ་པོ་གྲགས་ཅན་ཚེ་རིང་ནོར་བུའི་བྱིས་སྒྲུང་བརྩམས་ཆོས«གངས་ལྗོངས་ཀྱི་གཅེས་ཕྲུག»ཅེས་པ་པར་བསྐྲུན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-09-19
ཀློག་གྲངས།:

ཉེ་སྔོན། ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཚེ་རིང་ནོར་བུའི་བྱིས་སྒྲུང་བརྩམས་ཆོས«གངས་ལྗོངས་ཀྱི་གཅེས་ཕྲུག»ཅེས་པའི་དཔེ་ཚོགས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམས་སྤེལ་བྱས། དཔེ་ཚོགས་འདི་བོད་ལྗོངས་ཀྱི་ན་གཞོན་རྩོམ་པ་པོ་ནམ་མཁའ་བཀྲ་ཤིས་ལགས་ཀྱིས་བོད་འགྱུར་གནང་བ་ཞིག་རེད།

རྩོམ་མཁན་ཚེ་རིང་ནོར་བུའི་བརྩམས་ཆོས་འདི་དག་ལ་བོད་མི་རིགས་ཀྱི་རིག་གནས་སྡིངས་ཤུགས་མངོན་གསལ་དོད་ཅིང་། ཞིབ་ཚགས་པའི་གཅེས་སེམས་དང་བསམ་ཤེས། རང་ཉིད་ཀྱི་དད་སེམས་ལ་བརྟེན་ནས་འཚོ་བའི་ཁྲོད་དང་མི་སེམས་ཀྱི་ཟབ་སར་གནས་པའི་བྱིས་བློའི་བསམ་པ་བཙལ་ཞིང་། ཀློག་རིན་ཡོད་པའི་བྱིས་པའི་གཏམ་རྒྱུད་དག་དབྱངས་གསལ་གྱི་གདངས་ལ་བརྒྱུས་ནས། གངས་རིའི་ལྗོངས་ཀྱི་དད་མོས་ལས་བྱུང་བའི་ལྷན་སྐྱེས་ཀྱི་ཤེས་རབ་བསྟན་ཡོད་པས། མི་སེམས་ལ་གཡོ་སྒུལ་ཆེན་པོ་སྦྱིན་ཡོང་། དེ་བཞིན་སྤུས་ལེགས་ཀྱི་བར་བཅུག་རི་མོ་དེ་དག་རྩོམ་གྱི་བརྗོད་དོན་དང་འཚམ་ཞིང་། མདོ་དབུས་མཐོ་སྒང་གི་བྱིས་བློ་དང་ཤེས་རབ། མཛེས་སྡུག་ཡོད་ཚད་དངོས་སུ་ལོངས་སྤྱོད་བྱ་བཞིན་པའི་ཉམས་སྣང་དངོས་ཤིག་བཅོས་མིན་དུ་སྦྱིན་ཐུབ་པ་གདོན་མི་ཟའོ། །
ཡོང་ཁུངས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
འབྲེལ་ཡོད་འོས་སྦྱོར།