ཡུལ་ཤུལ་དུ་བོད་ཡིག་དཔེ་རྙིང་གི་གསུང་འབུམ་ཞིག་འགྲེམ་སྤེལ་བྱས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2023-09-28
ཀློག་གྲངས།:
མཚོ་སྔོན་ཡུལ་ཤུལ་དུ་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ«བྱམས་མེ་ལྷ་མཆོག་ངག་དབང་ཆོས་དཔལ་རྒྱལ་མཚོའི་གསུང་འབུམ»འགྲེམ་སྤེལ་བྱས་པ།
ཟླ9པའི་ཚེས26ཉིན་ཡུལ་ཤུལ་གྱི་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ«བྱམས་མེ་ལྷ་མཆོག་ངག་དབང་ཆོས་དཔལ་རྒྱལ་མཚོའི་གསུང་འབུམ»ཞེས་པའི་དཔེ་དེབ་གསར་པ་འགྲེམ་སྤེལ་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་འཚོགས།

«བྱམས་མེ་ལྷ་མཆོག་ངག་དབང་ཆོས་དཔལ་རྒྱལ་མཚོའི་གསུང་འབུམ»ཞེས་པ་དེ་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ལས་དོན“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྣམ་གྲངས་ཀྱི་དངོས་གཞིའི་དཔེ་སྐྲུན་བྱས་པའི་ཡུལ་ཤུལ་གྱི་དཔེ་རྙིང་སྲུང་སྐྱོང་ལས་དོན་གྱི་གྲུབ་འབྲས་གལ་ཆེན་ཡིན་པས། མི་རིགས་ཀྱི་རིག་གནས་ཤུལ་བཞག་མྱུར་སྐྱོབ་དང་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་སྐྱོང་བཅས་ཀྱི་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན།
ཡུལ་ཤུལ་བོད་སྐད་རང་སྐྱོང་ཁུལ་དེ་མདོ་དབུས་མཐོ་སྒང་གི་ལྟེ་བའི་ཁུལ་དུ་གནས་པ་དང་དམིགས་བསལ་གྱི་ས་ཁམས་གནས་བབ་དང་། ས་ཁོངས་ཁོར་ཡུག་གིས་སྣ་མང་རིག་གནས་སྤེལ་རེས་ཁྲོད་འོད་སྟོང་འཕྲོ་བའི་ལོ་རྒྱུས་རིག་གནས་བཞག་ཡོད་པ་དེའི་ནང་དཔེ་དེབ་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་མི་རིགས་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་ཚུད་ཡོད། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། ཡུལ་ཤུལ་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཁག་གི་དཔེ་རྙིང་གྲངས་ད་ལྟ་དེབ་ཁྲི་ལྷག་ཡོད་པ་མ་ཟད། ད་དུང་དམངས་ཁྲོད་དུ་ཁྱབ་པའི་ལོ་རྒྱུས་རིག་གནས་དཔེ་རྙིང་འབོར་ཆེན་ཞིག་ཀྱང་ཡོད་པས་སྔར་བས་སྔོག་འདོན་དང་། འཚོལ་བསྡུ། ལེགས་སྒྲིག་བཅས་བྱེད་དགོས་ཀྱི་ཡོད།
མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་མཱ་ཞའོ་ཆིན་གྱིས་ཡུལ་ཤུལ་ཁུལ་གྱིས་བོད་ཡིག་གི་དཔེ་རྙིང་དེ«བྱམས་མེ་ལྷ་མཆོག་ངག་དབང་ཆོས་དཔལ་རྒྱལ་མཚོའི་གསུང་འབུམ»འགྲེམ་སྤེལ་མཛད་སྒོ་འཚོགས་པ་དེ་ནི་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། མི་རིགས་རིག་གནས་ཀྱི་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་ལ། གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་བྱ་གཞག་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་རེད་ཅེས་བཤད།

“གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ཚད་ལྡན་ཡིག་ཆ་ནི་ཀྲུང་གོའི་རིག་གནས་དང་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲུབ་ཆ་གལ་ཆེན་ཞིག་དང་། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྟེན་གཙོ་བོ། ཀྲུང་ཧྭ་མི་རིགས་ཀྱི་བློ་གྲོས་དང་གསར་གཏོད་ནུས་པའི་ཉིང་བཅུད་བཅས་རེད” མཱ་ཞའོ་ཆིན་གྱིས“མི་རིགས་དཔེ་རྙིང་སྲུང་སྐྱོང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ཁྲོད་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་འདོན་བཞིན་ཡོད། མི་རིགས་དཔེ་རྙིང་སྲུང་སྐྱོང་བྱས་པ་བརྒྱུད་ཀྲུང་ཧྭ་མི་རིགས་ལ་འཛིན་པའི་དམངས་ཚོགས་ཀྱི་མོས་སེམས་དང་ཁོངས་གཏོགས་བསམ་པ་ཇེ་ཆེར་གཏོང་ཐུབ་པ་དང་། རྒྱལ་གཅེས་ཀྱི་བརྩེ་སེམས་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་བསམ་པ་སྐྱེད་སྲིང་ཐུབ་པ། རྒྱལ་གཅེས་ཀྱི་སྤྲོ་སེམས་དང་མི་རིགས་ཀྱི་སྤོབས་སེམས་འཕེལ་བ་བཅས་བྱེད་ཐུབ”ཅེས་བཤད།
ངོ་སྤྲོད་བྱས་པ་ལྟར་ན། ད་ལྟ་ཡུལ་ཤུལ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་སྒང་ཡིན་པས། ཐེངས་འདིའི་དཔེ་དེབ་གསར་པ་ཡོངས་བསྒྲགས་མཛད་སྒོ་ནི་ཡུལ་ཤུལ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་རབ་དང་རིམ་པའི་གྲས་ཀྱི་གཅིག་ཡིན། ཉེ་བའི་ལོ་ཤས་རིང་། ཡུལ་ཤུལ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་སྙིང་བོར་བཟུང་བའི་དཔེ་རྙིང་མྱུར་སྐྱོབ་སྲུང་སྐྱོང་དང་། ལེགས་སྒྲིག་ཞིབ་འཇུག དཔེ་སྐྲུན་བེད་སྤྱོད་སོགས་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་པ་དང་། རིག་དངོས་དཔེ་རྙིང་ལ་བརྟེན་ནས་མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་བརྗོད་པ་སོགས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
འབྲེལ་ཡོད་འོས་སྦྱོར།