«གསེར་གྱི་ལྷ་དར»སྤྱིའི་དེབ་གྲངས25པ་པར་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:བྲག་དཀར་རྫོང་ཉི་ཟེར་སྲིད་དོན་འཕྲིན་སྟེགས།
དུས་ཚོད།:2023-10-13
ཀློག་གྲངས།:
བྲག་དཀར་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས༢༠༢༣ལོའི«གསེར་གྱི་ལྷ་དར»སྤྱིའི་དེབ་གྲངས༢༥པ་པར་སྐྲུན་འགྲེམ་སྤེལ་བྱས།

«གསེར་གྱི་ལྷ་དར»རྩོམ་རིག་ལོ་ཕྱེད་དེབ་ནི་སྤྱི་ལོ2000ལོ་ནས་བཟུང་བྲག་དཀར་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་ལོ་ངོ་ཉེར་གསུམ་གྱི་རིང་པར་སྐྲུན་འགྲེམ་སྤེལ་བྱས་ཏེ་ད་ལྟའི་བར་དུ་སྤྱིའི་དེབ་གྲངས25པར་སླེབས་ཡོད། 2021ལོ་ནས་བཟུང་སྟེ«གསེར་གྱི་ལྷ་དར»འདི་ཉིད་ལོ་དེབ་ནས་ལོ་ཕྱེད་དེབ་ཏུ་བསྒྱུར་ཏེ་ལོ་གཅིག་ལ་ཐེངས་གཉིས་རེར་པར་སྐྲུན་བྱེད་བཞིན་ཡོད་ཅིང་། ནང་དོན་གྱི་ཆ་ནས་ཀྱང་རྣམ་པ་གསར་བརྗེ་དང་ལེ་ཚན་གསར་བ་བཀོད་སྒྲིག སྔར་གྱི་ཤོག་ངོས150ནས་ད་ལྟའི་ཤོག་ངོས162བར་ཁ་སྣོན་བྱས་ཡོད་པ་དང་། དུས་དེབ་ཀྱི་བྲེ་ཁ་གསར་བསྒྱུར་དང་ཇུས་འགོད་ཀྱི་རྣམ་པ་ཇེ་ལེགས་སུ་བཏང་ཡོད་པས་བོད་འབྲེལ་ས་ཆ་སོ་སོའི་རྒྱ་ཆེའི་མང་ཚོགས་དང་རྩོམ་པ་པོ་དག་གིས་དགའ་བསུ་ཚད་མེད་ཐོབ་དང་འཐོབ་བཞིན་ཡོད།

སྤྱི་ཟླ9པའི་ཚེས26ཉིན་བྲག་དཀར་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས2023ལོའི«གསེར་གྱི་ལྷ་དར» རྩོམ་རིག་ལོ་ཕྱེད་དེབ་སྤྱིའི་དེབ་གྲངས25པ་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། དུས་ཐོག་ཏུ་བྲག་དཀར་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གཙོ་བྱས་པའི་རྫོང་གཏོགས་ཀྱི་ལས་ཁུངས་སོ་སོ་དང་ཞང་དང་གྲོང་རྡལ། སློབ་གྲྭ་ཆུང་འབྲིང་ཁག སྨན་ཁང་དང་དགོན་སྡེ་སོགས་སུ་འགྲེམ་གཏོང་བྱས་པ་དང་། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་དང་རྫོང་ཁག་ལྔའི་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས། «གསེར་གྱི་ལྷ་དར»སྟེང་རྩོམ་ཡིག་བཀོད་ཡོད་པའི་ཕྱོགས་སོ་སོའི་རྩོམ་པ་པོ་བཅས་ལ«གསེར་གྱི་ལྷ་དར»རྩོམ་དེབ་འགྲེམ་གཏོང་བྱས།
འབྲེལ་ཡོད་འོས་སྦྱོར།