སྔ་འགྱུར་གསེར་ལྡན་རིག་གཞུང་གཏེར་མཛོད།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2024-01-16
ཀློག་གྲངས།:

ཉེ་ཆར། སྨར་ཁམས་གསེར་ལྡན་དགོན་པའི་མཆོག་སྤྲུལ་བསྟན་འཛིན་བཟང་པོས་གཙོ་སྒྲིག་བྱས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་པོད་ལྔ་བཅུ་ང་དྲུག་གི་བདག་ཉིད་ཅན་གྱི«སྔ་འགྱུར་གསེར་ལྡན་རིག་གཞུང་གཏེར་མཛོད»ཅེས་པའི་དཔེ་ཚོགས་འདི་ཉིད་ད་ལྟ་དངོས་སུ་འགྲེམ་སྤེལ་བྱས།

དཔེ་ཚོགས་འདིར་སྔ་འགྱུར་བའི་མདོ་སྐོར་ལས་སྔོན་འགྲོ་དང་བློ་སྦྱོང་སྐོར་པོད་དགུ། ཚད་མའི་སྐོར་པོད་བཅུ་གཉིས། དབུ་མའི་སྐོར་པོད་ཉེར་གསུམ། མངོན་པ་གོང་འོག་སྐོར་པོད་བཅུ། སེམས་ཙམ་ཆོས་སྐོར་པོད་གཅིག། བསྟན་བཅོས་ཨུཏྤལ་ལྔ་དང་རལ་གྲི་ལྔ་སོགས་པོད་གཅིག་སྟེ། ཁྱོན་བསྡོམས་པོད་ལྔ་བཅུ་ང་དྲུག་གིས་གྲུབ་ཡོད་པ་དང་། དཔེ་ཚོགས་འདི་སློབ་གཉེར་པ་དཀྱུས་མ་ཡན་གྱིས་དཔེ་ཆའི་ནང་དོན་ལ་བདེ་བླག་ཏུ་འཇུག་བདེ་བའི་ཆེད་དུ་དཀར་ཆག་ཆ་ཚང་བ། ས་བཅད་གསལ་ཁ་དོད་པ།མིང་ཚིག་སོ་སོའི་བར་ལ་གཅོད་མཚམས་ཞིབ་ཚགས་ཡོད་པ། བརྗོད་དོན་སོ་སོ་ལ་བར་མཚམས་འོས་ཐོབ་ལྟར་འཇོག་པ། རྩ་འགྲེལ་སྦྲགས་སུ་རུང་བའི་རིགས་ལ་རྩ་འགྲེལ་སྦྲགས་མ་དང་རྩ་རྟགས་བཅས་བཀོད་ཡོད། མ་དཔེ་གཙོ་བོ་ནི་སྡེ་དགེ་པར་མ་སོགས་ལ་གཏུགས་ནས་དཔེ་བསྡུར་རིམ་པ་དུ་མ་བརྒྱུད་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།