དེབ་གསར། «གནའ་དཔེའི་པར་ཐོ་ཞལ་བཤུས་གཙུག་ལག་འཛད་མེད་རིག་པའི་སྒོ་འཕར་འབྱེད་པའི་ལྡེ་མིག་ཞེས་བྱ་བ་བཞུགས་སོ། །»
རྩོམ་པ་པོ།:བྱམས་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-01-16
ཀློག་གྲངས།:
ཉེ་ཆར། མི་རིགས་རིག་གནས་ཕོ་བྲང་གི་ཞིབ་འཇུག་པ་ཆེན་མོ་བྱམས་པས་སྡུད་བསྒྲིགས་གནང་བའི«གནའ་དཔེའི་པར་ཐོ་ཞལ་བཤུས་གཙུག་ལག་འཛད་མེད་རིག་པའི་སྒོ་འཕར་འབྱེད་པའི་ལྡེ་མིག་ཞེས་བྱ་བ་བཞུགས་སོ། །»ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།
ནང་དོན་གནད་བསྡུས།
པར་ཐོ་ཕྱོགས་བསྒྲིགས་འདིར་པར་ཐོའི་དཔེ་སྣ་སོ་བདུན་ལ་གནའ་བོའི་པར་ཁང་ཉིས་བརྒྱ་ལྷག་གི་པར་ཐོ་ཕྱོགས་གཅིག་ཏུ་བསྡུས་པར་བཀའ་བསྟན་དང་གསུང་འབུམ་སོགས་དཔེ་སྣ་གྲངས་ཆིག་ཁྲི་དྲུག་སྟོང་ལྷག་བསྡུས་པ་དང་། པར་གཞིའི་ས་ཁོངས་ཀྱི་ངོས་ནས་བོད་གངས་ཅན་མདོ་དབུས་ཁམས་གསུམ་དང་གཞན་པེ་ཅིན། སོག་ཡུལ། ལྷོ་འབྲུག་ཡུལ་སོགས་ཀྱི་པར་ཤིང་ཡང་འདུས་ཡོད། འདིར་བཀོད་པའི་པར་ཐོ་དག་ནི་མི་རིགས་རིག་གནས་ཕོ་བྲང་དང་ཕོ་བྲང་པོ་ཏ་ལའི་དཔེ་མཛོད་ཁང་། བོད་ལྗོངས་ཡིག་ཚགས་ཁང་གི་ཉར་དཔེ་དང་། ཁ་ཤས་པར་ཁང་གི་སྒོ་སྦྱར་དཀར་ཆག་ཡིན། ཡང་མི་སྒེར་གྱི་མཁོ་སྤྲོད་གནང་བ་དང་། སྔོན་བྱོན་མཁས་པས་ཞིབ་འཇུག་ཕྱོགས་བསྒྲིགས་བྱས་པའི་རྩོམ་ཡིག་ལས་ཚན་བཤུས་སམ་བརྒྱུད་འགོད་བྱས་པ་སོགས་ཇི་བཞིན་ཞལ་བཤུས་ལེགས་བསྒྲིགས་བྱས་ཡོད། ཡང་ཅོ་ནེ་དགོན་བཤད་སྒྲུབ་དར་རྒྱས་གླིང་གི་པར་ཐོ་ཞིབ་གསལ་མ་རྙེད་པས་ས་བཅད་མི་སྟོང་བ་ཙམ་སྒྲིག་པ་པོས་གསར་བསྣན་ཡིན། པེ་ཅིན་གནམ་རྒྱལ་བོད་སོག་པར་ཁང་གི་པར་ཐོ་ནི་རྒྱ་ཡིག་ཡིན་པ་ཇི་བཞིན་ཞལ་བཤུས་ཡོད།
པར་ཐོའི་པར་གཞི་དང་ཁྱད་ཆོས།
པར་ཁང་ཁ་ཤས་ལ་དུས་སྐབས་མི་འདྲ་བར་བསྒྲིགས་པའི་པར་ཐོ་སྔ་ཕྱི་སྣ་ཚོགས་ཡོད། དཔེར་ན། དགའ་ལྡན་ཕུན་ཚོགས་གླིང་གི་པར་ཐོ། ཕོ་བྲང་ཆེན་པོ་པོ་ཏ་ལ་ཞོལ་གྱི་པར་ཐོ། ཕོ་བྲང་ཆེན་པོ་པོ་ཏ་ལའི་ཞོལ་བཀའ་འགྱུར་སྤར་ཁང་སྟེང་ཤོད་དུ་གསུང་སྤར་དཔེ་རིང་ཇི་ཡོད་ཀྱི་པར་ཐོ། པོ་ཏ་ལ་དང་འབྲས་སྤུངས་སུ་བཞུགས་པའི་པར་ཐོ་བཅས་དང་། ཡང་དཔེར་ན། རྟག་བརྟན་ཕུན་ཚོགས་གླིང་གི་པར་རྙིང་གི་ཐོ། རྟག་བརྟན་དགའ་ལྡན་ཕུན་ཚོགས་གླིང་གི་པར་ཐོ་གསར་བཀོད་སོགས་པར་ཁང་གཅིག་ལ་དུས་སྐབས་མི་འདྲ་བའི་པར་ཐོ་དུས་ཀྱི་གོ་རིམ་བཞིན་འཁོད་པས་པར་ཁང་གི་པར་བརྐོས་གོ་རིམ་འཕེལ་འགྱུར་རྟོགས་ཐུབ། འདིར་བཀོད་པར་ཐོ་པར་མ་དང་བྲིས་མ་གང་རུང་སྒྲིག་གཞི་དང་ཆོས་ཚན་རིམ་པ་རྒྱས་བསྡུས་འདྲ་བོ་མེད། དཔེར་ན་བཀའ་འགྱུར་དང་བསྟན་འགྱུར། གསུང་འབུམ་ལ་མ་གཞི་ནས་བསྡོམས་པོད་དང་པར་ཤིང་གྲངས་ཙམ་མེད་པ་རྣམས་ཆོས་ཚན་ཞིབ་གསལ་གསར་བྲིས་བྱས་མེད་པར་ཀློག་པ་པོས་གནའ་དཔེ་དཀར་ཆག་གཞན་དག་ལས་ཤེས་པར་བྱ། པར་ཐོའི་ནང་དོན་ལ་མཚན་བྱང་དང་རིགས་དབྱེ། པར་ཤིང་གྲངས། པར་ཁང་བཅས་འདུས། པར་ཐོ་ཕལ་ཆེ་བ་པར་ཤིང་རིང་ཐུང་ལྟར་རིགས་དབྱེ་བ་དང་། ཁ་ཤས་དཔེ་ཚོགས། རྒྱ་གཞུང་། གསུང་འབུམ། སྣ་ཚོགས། རླུང་རྟ་ཐང་པར་བཅས་རིག་ཚན་ལྟར་དབྱེ་བ་མ་ཡིག་ལྟར་ཇི་བཞིན་ཞལ་བཤུས་ཡོད། པར་ཐོ་དང་ཆོས་མཚན་ཁ་ཤས་ལ་མ་གཞི་ནས་ལྡེབ་གྲངས་བྲིས་ཆད་པས་ཁ་སྐོང་སོགས་ཅི་ཡང་བྱས་མེད། པར་ཤིང་ཨང་གྲངས་ལ། དཔེར་ན། རྒྱལ་དབང་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པའི་གསུང་འབུམ་པོད་ལྔ་ལ་ཤོག་གྲངས། ༢༡༥༥ ཡང་ན། མདོ་སྡེ་སྐལ་བཟང་ལ་པར་ཤིང་ལྔ་བརྒྱ་བདུན་ཅུ། མཛངས་བླུན་ལ་པར་ཤིང་ཉིས་བརྒྱ་དགུ་བཅུ་གོ་བཞི། ཞེས་གྲངས་ཀ་འགོད་སྟངས་མི་མཐུན་པ་ཡོད་ཀྱང་ཇི་བཞིན་ཞལ་བཤུས་ཡོད། པར་ཐོ་ཁག་ཏུ་མིང་ཚིག་འབྲི་ཚུལ་མི་མཐུན་པ། དཔེར་ན། རྣམ་གཞག་དང་རྣམ་བཞག རྗེ་བཙོང་ཁ་པ་དང་རྗེ་ཙོང་ཁ་པ། བེེཊཱུརྱ་དང་བེེ་ཊཱུར་ལྟ་བུ། བོད་རྒྱ་ཚིག་མཛོད་ཆེན་མོ་དང་དུང་དཀར་ཚིག་མཛོད། གནའ་དཔེ་པར་མ་ཁག་ལ་གཞི་བཅོལ་ནས་གཅིག་གྱུར་བྱས་ཡོད།

དཀར་ཆག་རིག་པར་པར་ཐོ་ཞིབ་འཇུག་བཏང་སྙོམས་སུ་ལུས་ཡོད།
བོད་ཡིག་གནའ་དཔེ་ནི་མེས་རྒྱལ་རིག་གཞུང་བང་མཛོད་ནང་གི་ནོར་བུ་གཟི་འོད་འཕྲོ་བ་ཞིག་ཡིན། སྤྱི་ལོའི་དུས་རབས་བདུན་པ་ནས་བསྟན་བཅོས་མང་པོ་བསྒྱུར་རྩོམ་བྱས་ཤིང་། རིམ་བཞིན་བྲིས་མ་དང་ཤིང་པར་དུ་བརྐོས་ནས་དར་སྤེལ་བཏང་། བོད་བཙན་པོའི་སྐབས་སྔོན་བྱོན་ལོ་པཎ་རྣམས་ཀྱིས་དཀར་ཆག་འཕང་ཐང་མ་དང་མཆིམས་ཕུ་མ། ལྡན་དཀར་མ་སོགས་བསྒྲིགས་ནས་སྲུང་སྐྱོབ་དར་སྤེལ་གནང་། བསྟན་པ་ཕྱི་དར་ལ་བཅོམ་ལྡན་རིགས་རལ་དང་དབུས་པ་བློ་གསལ། ཚལ་པ་ཀུན་དགའ་རྡོ་རྗེ། བུ་སྟོན་རིན་ཆེན་གྲུབ་སོགས་ཀྱིས་བཀའ་བསྟན་གྱི་ཆོས་སྣ་མང་པོ་འཚོལ་བསྡུ་དང་དཀར་ཆག་བསྒྲིགས། སྔ་ཕྱིར་སྣར་ཐང་དང་སྡེ་དགེ ཅོ་ནེ། ཞོལ་བཀའ་བསྟན་སོགས་ཀྱི་པར་གཞི་སྣ་ཚོགས་བྱུང་། གནའ་དཔེའི་གྲངས་འབོར་འཕར་བ་དང་བསྟུན་དཀར་ཆག་རིགས་སྣ་ཚོགས་ཀྱང་ཆར་རྗེས་ཀྱི་ཤ་མོ་བཞིན་བྱུང་། དུས་རབས་བཅུ་བདུན་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་ལྔ་པ་ཡན་གྱི་གསུང་འབུམ་དང་སྐར་རྩིས། གསོ་རིག་གི་དཔེ་རྣམས་ལེགས་བསྒྲིགས་བྱས་ཏེ«དཀར་ཆག་ཐུགས་རྗེའི་བྱིན་ཉེར་འབབ»བརྩམས། དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གིས«བཀའ་གདམས་པ་དང་དགེ་ལུགས་པའི་བླ་མ་རགས་རིམ་གྱི་གསུང་འབུམ་མཚན་ཐོ»དང་། དུས་རབས་བཅུ་དགུ་པར་དྲུང་ཆེན་ཤེས་རབ་རྒྱ་མཚོས«དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུན་དཱ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ»མཛད་པར་གསུང་འབུམ་དགུ་བཅུའི་ཆོས་མཚན་དཀར་ཆག་ཞིབ་ཕྲ་བཀོད་ཡོད། 1959ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་པའི«བླ་བྲང་དགོན་པའི་དཔེ་ཆ་སྤྱིའི་དཀར་ཆག»སྣུམ་དཔར་བཏབ། དེའི་ནང་བཀའ་བསྟན་གྱི་པར་གཞི་སྣ་ཚོགས་དང་མཁས་དབང174ཡི་གསུང་འབུམ་བཅས་པོད17833གྱི་དཀར་ཆག་འཁོད་ཡོད། ད་ལྟའི་དུས་སུ་དཔེ་མཛོད་ཁང་དང་རིག་གཞུང་ཞིབ་འཇུག་ཁང་། དགོན་སྡེ་ཁག་གིས་གནའ་དཔེ་འཚོལ་བསྡུ་ལེགས་བསྒྲིགས་བྱས་ནས་གནའ་དཔེའི་དཀར་ཆག་མང་པོ་པར་སྐྲུན་གནང་ཡོད། ཡིན་ནའང་བོད་རིག་པའི་ཞིབ་འཇུག་དང་གནའ་དཔེ་ལེགས་སྒྲིག དཀར་ཆག་རིག་པའི་ཁྱབ་ཁོངས་སུ་པར་ཐོའི་རིན་ཐང་དང་ལེགས་སྒྲིག ཞིབ་འཇུག་ལ་དོ་སྣང་མེད་པར་བཏང་སྙོམས་སུ་ལུས་ཡོད།

པར་ཤིང་དཀར་ཆག་གི་ལོ་རྒྱུས་ཡུན་རིང་ལ་པར་ཐོའི་དཔེ་སྣ་མང་པོ་ཡོད།
དུས་རབས་བཅུ་གཉིས་པར་མི་ཉག་གི་རྒྱལ་ཁམས་སུ་བོད་ཡིག་པར་མ་ཐོག་མར་བྱུང་བ་དང་ཧོར་གྱི་སྐབས་པེ་ཅིན་དུ་བོད་ཡིག་པར་མ་རྒྱ་ཆེར་དར། རིམ་གྱིས་བོད་ཁམས་སུ་པར་ཁང་ཆེ་ཆུང་མང་པོ་བཙུགས། ལག་རྩལ་བཅོས་བསྒྱུར་བྱས་ཏེ། བཀའ་བསྟན་གྱི་པར་གཞི་སྣ་ཚོགས་དང་རིམ་བྱོན་མཁས་པའི་གསུང་འབུམ། རིག་གནས་བཅུའི་དཔེ་ཆ་སྣ་གྲངས་མང་པོ་པར་ཏུ་བརྐོས། པར་ཤིང་བགྲངས་ཀྱིས་མི་ལངས་པ་པར་ཁང་ཁག་ཏུ་ཉར་ཡོད་པས་བོད་ཀྱི་བསྟན་བཅོས་དར་སྤེལ་དང་རིག་གནས་སྲུང་སྐྱོབ་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་པ་མ་ཟད། དཔེ་ཆའི་མ་རྩ་ཉུང་དུ་སོང་བ་དང་། ཤེས་བྱ་བརྒྱུད་བསྒྲགས། སློབ་གསོ་དར་སྤེལ། བོད་ཡིག་གི་བྲིས་གཟུགས་དང་པར་ངོས་ཀྱི་བཀོད་པ། དཔེ་དབྱིབས་ཀྱི་རྣམ་པ་བཅས་གཅིག་གྱུར་དང་། ཡི་གེའི་དག་ཆ་ཞིབ་ཏུ་སོང་བ་མ་ཟད་རིག་གནས་ཆེ་ཆུང་བཅུ་གཙོ་བྱས་བསྟན་བཅོས་ལེགས་བསྒྲིགས་སྲུང་སྐྱོབ་བྱས་ཏེ་མེས་པོ་ནས་བརྒྱུད་པའི་གཙུག་ལག་རི་བོའི་གཏོས་དང་མཉམ་པ་ད་ལྟའི་བར་དུ་མ་ཉམས་པར་མིག་མཐོང་ལག་ཟིན་དུ་ཉར་ཚགས་ཐུབ་པ་བྱུང་པས་བོད་ཀྱི་རིག་གནས་རྒྱུད་འཛིན་ལ་དོན་སྙིང་ཆེན་པོ་ཐོན་ཡོད། ཡིན་ནའང་པར་ཤིང་མང་པོ་ཞིག་ལོ་དུས་རིང་པོ་འགོར་བ་དང་འགྲོ་དོན་དུ་རྙིང་ཟད་གྱུར་པ། དུས་འགྱུར་སྣ་ཚོགས་པའི་ཁྲོད་ཁྱུར་མིད་དུ་གྱུར། ད་ལྟའི་དུས་སུ་སྡེ་དགེ་དང་བླ་བྲང་། ཞོལ་པར་ཁང་སོགས་སུ་པར་ཤིང་མང་པོ་ཉར་ཚགས་གནང་ཡོད། དེ་མཚུངས་པར་ཁང་ཁག་གིས་པར་ཤིང་དོ་དམ་དང་པར་བརྐོས་དཔེ་ཆ་དྲིལ་བསྒྲགས་ཆེད་པར་ཐོ་བསྒྲིགས། ཁ་ཤས་ནི་པར་ཁང་ནང་ཁུལ་གྱི་པར་ཤིང་བསྡོམས་རྩིས་དོ་དམ་གྱི་ཆེད་བསྒྲིགས་པ་དཔེར་ན། «ཕོ་བྲང་ཆེན་པོ་པོ་ཏ་ལ་ཞོལ་གྱི་པར་ཐོ»དང«པོ་ཏ་ལ་དང་འབྲས་སྤུངས་སུ་བཞུགས་པའི་པར་ཐོ།» «རྟག་བརྟན་ཕུན་ཚོགས་གླིང་གི་པར་རྙིང་གི་ཐོ»ལྟ་བུ་དཀར་ཆག་གི་མཚན་བྱང་བསྡུས་དྲག་ལ་ཡུལ་དངོས་ཀྱི་པར་ཤིང་གི་སྒྲོམ་སྟེགས་རིམ་པ་བཞིན་ཐོར་བཀོད་ཡོད། གཞན་རྣམས་པར་བརྐོས་དཔེ་ཆ་དྲིལ་བསྒྲགས་ཆེད་ནང་དོན་ནམ་པར་ཤིང་གི་རིང་ཐུང་ལྟར་རིགས་དབྱེ་ནས་བསྒྲིགས་པ་དང་དཔར་དུ་བཏབ་ནས་བཀྲམས་ཡོད། པར་ཤིང་གི་གྲངས་འབོར་འཕར་བ་དང་བསྟུན་གསར་བརྐོས་རྣམས་ཀྱི་མཚན་བྱང་མུ་མཐུད་དུ་བསྣན་པས་པར་ཐོ་ལའང་དཔར་གསར་རྙིང་མང་པོ་ཡོད། ཡང་ཅུང་རྒྱ་ཆེ་བའི་པར་ཁང་ཁ་ཤས་སུ་དུས་རབས་མི་གཅིག་པའི་ནང་པར་ཐོ་གསར་བ་བསྒྲིགས་པས། པར་ཐོ་ལ་དཔར་སྔ་ཕྱི་དང་པར་གཞི་གསར་རྙིང་སྣ་ཚོགས་བྱུང་བས་པར་ཁང་གི་པར་བརྐོས་ལོ་རྒྱུས་རིམ་པ་མཐོང་ཐུབ། དེ་ལས་ཀྱང་དཔྱད་གཞིའི་རིན་ཐང་ཆེན་པོ་ཡོད་པ་ནི«གངས་ཅན་ལྗོངས་སུ་བཀའ་དང་བསྟན་བཅོས་སོགས་ཀྱི་གླེགས་བམ་སྤར་གཞི་ཇི་ལྟར་ཡོད་པ་རྣམས་ནས་དཀར་ཆག་སྤར་ཐོར་ཕྱོགས་ཙམ་དུ་བཀོད་པ་ཕན་བདེའི་པད་ཚལ་འབྱེད་པའི་ཉིན་བྱེད»ཅེས་བྱ་བ་སྟེ། རབ་རྒྱལ་མེ་བྱ1957ལོར་དབུས་འགྱུར་གྱི་སེ་འབྲས་དགའ་གསུམ་གཙོས་པའི་དབུས་གཙང་གི་དགོན་སྡེ་རི་ཁྲོད་ཀུན་དུ་གསུང་པར་གསར་རྙིང་ཆེ་ཕྲ་ཕལ་ཆེ་བ་བསྡུས་པས་བོད་ཀྱི་གནའ་དཔེ་དང་པར་སྐྲུན་ལོ་རྒྱུས་ཞིབ་འཇུག་ལ་མེད་དུ་མི་རུང་བའི་རྒྱུ་ཆ་གལ་ཆེན་ཞིག་ཡིན།

པར་ཐོ་མང་པོ་འཚོལ་རྒྱུར་ལུས་ཡོད་སྐོར།
ཕན་བདེའི་པད་ཚལ་འབྱེད་པའི་ཉིན་བྱེད་དུ། “ད་དུང་དབུས་འགྱུར་གདན་ས་ཁག་དང་། རི་ཁྲོད་ཕན་ཚུན་སོགས་སུ་ཉེར་མཁོ་ཆེ་ཆུང་ཅི་རིགས་གསུང་སྤར་གསར་རྙིང་ཁྱོན་འབོར་ཆེ་ཕྲ་མཐའ་ཀླས་པ་ལྟ་བུ་ཞིག་ཡོད་འདུག་ཀྱང་མཐའ་དག་འདིར་བཀོད་པ་མ་ལངས་ལ། དེར་མ་ཟད་མདོ་ཁམས་སྟོད་སྨད་ལྷོ་བྱང་དང་། བོད་ཆེན་པོའི་ལྗོངས་ཨ་མདོའི་ཁུལ་དང་སོག་ཡུལ་སོགས་སུའང་བཀའ་བསྟན་དགོངས་འགྲེལ། དམ་པ་དུ་མའི་གསུང་འབུམ་གྱི་རིགས། རིག་གནས་ཆེ་ཆུང་གི་སྐོར་ཟུར་བཏོད་སོགས་ཆོས་ཚུལ་ཚོན་རྒྱའི་མདོངས་བཀྲ་བཞིན་གྱི་སྤར་གཞི་མུ་མེད་པ་ལྟ་བུ་ཞིག་མཆིས་པ་རྣམས་འདིར་འགོད་པར་མི་ནུས་ཀྱང་། དོན་དུ་གཉེར་ན། བླང་དོར་ཕྲ་ཞིབ་རྣམ་པར་འབྱེད་པའི་བློས་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་སྤར་མ་དང་། འགྲོ་བའི་ཕན་བདེ་འཕེལ་བའི་ཡན་ལག་ཏུ་ལེགས་པར་འཚོལ་བར་བྱ་བའི་གནས་ཡིན་ལ།”ཞེས་གསུངས་པ་བཞིན། གནའ་དཔེ་ལེགས་སྒྲིག་དང་པར་གཞི་བརྟག་དཔྱད། བོད་ཀྱི་པར་སྐྲུན་ལོ་རྒྱུས་ཞིབ་འཇུག་ལ་དོ་སྣང་ཆེར་གནང་བ་དང་། མི་རིགས་ཁག་གི་བར་རིག་གནས་བརྗེ་རེས། བོད་རིག་པའི་ཞིབ་འཇུག་པ་རྣམས་ལ་མཆོག་ཏུ་གྱུར་པའི་དཔྱད་གཞིའི་ཡིག་ཆ་འདོན་སྤྲོད་ཡོང་བ། ད་དུང་རིན་ཆེན་གཅེས་ནོར་ལྟ་བུའི་པར་ཤིང་དེ་དག་ལ་བདག་གཅེས་གང་ཐུབ་ཅི་ཐུབ་བྱས་ནས་མི་རིགས་རིག་གནས་ཀྱི་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་རྒྱུའི་ཐད་བྱས་རྗེས་བླ་ན་མེད་པ་ཞིག་འཇོག་པ། མེས་པོ་གོང་མ་རྣམས་ཀྱི་མཛད་རྗེས་ལ་དྲིན་གཟོ་དྲན་གསོ་བྱ་ཆེད་ད་དུང་འདིར་མ་འདུས་པའི་པར་ཐོ་དང་ཞིབ་ཆ་ཐོན་མེད་པ། བཀའ་བསྟན་དང་གསུང་འབུམ། ཕྱོགས་བསྒྲིགས་ཀྱི་དཀར་ཆག་ཞིབ་ཕྲའི་པར་ཐོ་འཚོལ་སྡུད་དང་ལེགས་སྒྲིག་གིས་བོད་ཀྱི་གནའ་དཔེའི་དཀར་ཆག་རིག་པ་མུ་མཐུད་དུ་ཇེ་རྒྱས་ཇེ་ཞིབ་ཏུ་གཏོང་དགོས།
པར་ཐོ་ཞལ་བཤུས་ལེགས་སྒྲིག་མུ་འབྲེལ་པར་སྐྲུན་གྱི་ལས་འཆར།ཕན་བདེའི་པད་ཚལ་འབྱེད་པའི་ཉིན་བྱེད་དུ། “ད་དུང་དབུས་འགྱུར་གདན་ས་ཁག་དང་། རི་ཁྲོད་ཕན་ཚུན་སོགས་སུ་ཉེར་མཁོ་ཆེ་ཆུང་ཅི་རིགས་གསུང་སྤར་གསར་རྙིང་ཁྱོན་འབོར་ཆེ་ཕྲ་མཐའ་ཀླས་པ་ལྟ་བུ་ཞིག་ཡོད་འདུག་ཀྱང་མཐའ་དག་འདིར་བཀོད་པ་མ་ལངས་ལ། དེར་མ་ཟད་མདོ་ཁམས་སྟོད་སྨད་ལྷོ་བྱང་དང་། བོད་ཆེན་པོའི་ལྗོངས་ཨ་མདོའི་ཁུལ་དང་སོག་ཡུལ་སོགས་སུའང་བཀའ་བསྟན་དགོངས་འགྲེལ། དམ་པ་དུ་མའི་གསུང་འབུམ་གྱི་རིགས། རིག་གནས་ཆེ་ཆུང་གི་སྐོར་ཟུར་བཏོད་སོགས་ཆོས་ཚུལ་ཚོན་རྒྱའི་མདོངས་བཀྲ་བཞིན་གྱི་སྤར་གཞི་མུ་མེད་པ་ལྟ་བུ་ཞིག་མཆིས་པ་རྣམས་འདིར་འགོད་པར་མི་ནུས་ཀྱང་། དོན་དུ་གཉེར་ན། བླང་དོར་ཕྲ་ཞིབ་རྣམ་པར་འབྱེད་པའི་བློས་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་སྤར་མ་དང་། འགྲོ་བའི་ཕན་བདེ་འཕེལ་བའི་ཡན་ལག་ཏུ་ལེགས་པར་འཚོལ་བར་བྱ་བའི་གནས་ཡིན་ལ།”ཞེས་གསུངས་པ་བཞིན། གནའ་དཔེ་ལེགས་སྒྲིག་དང་པར་གཞི་བརྟག་དཔྱད། བོད་ཀྱི་པར་སྐྲུན་ལོ་རྒྱུས་ཞིབ་འཇུག་ལ་དོ་སྣང་ཆེར་གནང་བ་དང་། མི་རིགས་ཁག་གི་བར་རིག་གནས་བརྗེ་རེས། བོད་རིག་པའི་ཞིབ་འཇུག་པ་རྣམས་ལ་མཆོག་ཏུ་གྱུར་པའི་དཔྱད་གཞིའི་ཡིག་ཆ་འདོན་སྤྲོད་ཡོང་བ། ད་དུང་རིན་ཆེན་གཅེས་ནོར་ལྟ་བུའི་པར་ཤིང་དེ་དག་ལ་བདག་གཅེས་གང་ཐུབ་ཅི་ཐུབ་བྱས་ནས་མི་རིགས་རིག་གནས་ཀྱི་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་རྒྱུའི་ཐད་བྱས་རྗེས་བླ་ན་མེད་པ་ཞིག་འཇོག་པ། མེས་པོ་གོང་མ་རྣམས་ཀྱི་མཛད་རྗེས་ལ་དྲིན་གཟོ་དྲན་གསོ་བྱ་ཆེད་ད་དུང་འདིར་མ་འདུས་པའི་པར་ཐོ་དང་ཞིབ་ཆ་ཐོན་མེད་པ། བཀའ་བསྟན་དང་གསུང་འབུམ། ཕྱོགས་བསྒྲིགས་ཀྱི་དཀར་ཆག་ཞིབ་ཕྲའི་པར་ཐོ་འཚོལ་སྡུད་དང་ལེགས་སྒྲིག་གིས་བོད་ཀྱི་གནའ་དཔེའི་དཀར་ཆག་རིག་པ་མུ་མཐུད་དུ་ཇེ་རྒྱས་ཇེ་ཞིབ་ཏུ་གཏོང་དགོས།
བཀའ་བསྟན་དང་གསུང་འབུམ། ཕྱོགས་བསྒྲིགས་ཀྱི་སྐོར་སྡེབ་གྲངས་བསྡོམས་འབོར་ཙམ་བཀོད་པ་ལས་ཆོས་ཚན་དཀར་ཆག་ཞིབ་གསལ་མེད་པ་ཞོལ་པར་མའི«བུ་སྟོན་རིན་ཆེན་གྲུབ་ཡབ་སྲས་ཀྱི་བཀའ་འབུམ་ཆ་ཚང་བ་འཛད་མེད་པར་གྱི་དགའ་སྟོན་དུ་སྤེལ་བའི་འདོད་དོན་སྨོན་པའི་ཚིགས་སུ་བཅད་པ་ཕན་བདེའི་ལང་ཚོ་གསར་དུ་འཆར་བ་ཐར་འདོད་ཅི་དགར་འཇུག་པའི་ལྷའི་ཁྲུས་རྫིང»དང་། སྡེ་དགེའི་པར་མའི«བདེ་བར་གཤེགས་པའི་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་རིག་པ་འཛིན་པའི་སྡེ་སྣོད་རྡོ་རྗེ་ཐེག་པ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་བཞུགས་བྱང་དཀར་ཆག» «རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་གླེགས་བམ་དུ་ཆོས་ཚན་ཇི་ལྟར་བཞུགས་ཚུལ་གྱི་དཀར་ཆག» «སྒྲུབ་པའི་ཐབས་ཀུན་ལས་བཏུས་པ་དངོས་གྲུབ་རིན་པོ་ཆེའི་འདོད་འཇོའི་དཀར་ཆག» «གསུང་ངག་རིན་པོ་ཆེ་སློབ་བཤད་ཐུན་མོང་མ་ཡིན་པ་པོད་དུམ་བཅུ་བདུན་གྱི་བཞུགས་བྱང» «ལམ་འབྲས་རྣམ་འགྲེལ་གྱི་དཀར་ཆག» «ཀློང་ཆེན་སྙིང་ཐིག་གི་ཆོས་ཀྱི་བཞུགས་བྱང» «དཔལ་ས་སྐྱའི་རྗེ་བཙུན་གོང་མ་ལྔའི་གསུང་རབ་རིན་པོ་ཆེའི་པར་གྱི་སྒོ་འཕར་འབྱེད་པའི་དཀར་ཆག» དཔལ་སྤུངས་པར་མའི«རིན་ཆེན་གཏེར་མཛོད་ཆེན་མོའི་དཀར་ཆག» པེ་ཅིན་པར་མའི«རྗེ་ཙོང་པ་བློ་བཟང་གྲགས་པ་དང་ལྕང་སྐྱ་བློ་བཟང་ཆོས་ལྡན་གྱི་གསུང་རྩོམ་པེ་ཅིན་སྤར་མའི་པར་ཐོ»སོགས་ཕྱོགས་བསྒྲིགས་སྐོར་གྱི་པར་ཐོ་ཞིབ་གསལ་དང་། ཡང་འདིར་མ་འདུས་པའི་དགོན་སྡེ་དང་པར་ཁང་གི་དཀར་ཆག ཡང་ན་པར་གཞི་མི་མཐུན་པ་གསར་རྙེད་བྱུང་བ་རྣམས་བསྒྲིགས་ཐེངས་གཉིས་པར་འགོད་འགྱུར་ཡོད།
འབྲེལ་ཡོད་འོས་སྦྱོར།