logo

ཚེ་རིང་ནོར་བུའི«རླུང་བུས་གཡོ་བའི་དབུས་གཙང»ཞེས་པ་པར་སྐྲུན་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-02-20 ཀློག་གྲངས།:
       ཚེ་རིང་ནོར་བུའི་སྒྲུང་རིང་གསར་པ«རླུང་བུས་གཡོ་བའི་དབུས་གཙང»ཞེས་པ་དེ2025ལོའི་ཟླ1པོར་ཀྲེ་ཅང་རིག་རྩལ་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་དུ་པར་བསྐྲུན་བྱས། སྤྱི་ལོ་དུས་རབས13པའི་དུས་དཀྱིལ་གྱི“ལང་ཇུའི་མཇལ་འདུམ”ཞེས་པ་བརྗོད་དོན་དུ་བཟུང་སྟེ། སྐབས་དེའི་བོད་ཀྱི་སྐྱིད་སྡུག་ཐུགས་ལ་བསྣམས་པའི་ས་པན་ཀུན་དགའ་རྒྱལ་མཚན་གྱི་ལོ་རྒྱུས་བརྗོད་ཡོད།
       དཀའ་ངལ་ཁྱད་བསད་ཀྱིས་ཐུགས་སྟོབས་བརྟན་པོ་དང་འོས་འགན་ལྕི་མོ་ཕྲག་གོང་དུ་ཁུར་ནས། ལང་ཇུ་མཁར་དུ་བསྐྱོད་དེ་སོག་རྒྱལ་གོ་དན་དང་ཐུགས་འཕྲལ་བྱས་ཤིང་མཇལ་འདུམ་ཞུས་པ་དང་། སྐབས་དེ་ནས་བཟུང་བོད་ཆོལ་ཁ་གསུམ་ཀྲུང་དབྱང་སྲིད་གཞུང་གི་མངའ་ཞབས་ཀྱི་སྲིད་འཛིན་ས་ཁུལ་དུ་གྱུར་ནས་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོར་བཏང་།
       བརྗིད་ཆགས་ལ་གཏིང་ཟབ་པའི་ལོ་རྒྱུས་སྙན་རྩོམ་གྱི་འབྲི་ཐབས་སྤྱད་པའི་བརྩམས་ཆོས་འདིས། ཀྲུང་ཧྭ་མི་རིགས་ལ་མེད་ཐབས་མེད་པའི་ལོ་རྒྱུས་ཀྱི་དྲན་པ་བསྐྱར་གསོ་བྱས་ལ། རྒྱ་ཆེའི་ལས་ལ་བརྩོན་ཞིང་བབ་ཆགས་པའི་བོད་མི་དམངས་ཀྱིས་ཀྲུང་གོའི་གཅིག་གྱུར་ཆེན་མོའི་ལོ་རྒྱུས་ཀྱི་གནས་ཚུལ་འོག་རྒྱལ་གཅེས་གདམ་ག་དང་མེས་རྒྱལ་གཅིག་གྱུར་ཡོང་བའི་མི་རིགས་ཀྱི་རེ་འདུན་དྲག་པོ་མཚོན་པར་བྱས་ཡོད།

ཨ་ལེ་ཡི་དཔྱད་གཏམ།
       «རླུང་བུས་གཡོ་བའི་དབུས་གཙང»ཞེས་པའི་སྒྲུང་རིང་དེའི་ནང་དུ་ཚེ་རིང་ནོར་བུས་གསར་རྩོམ་ཁྲོད་མི་སྒེར་གྱི་གདམ་ག་དང་མི་རིགས་ཀྱི་ལས་དབང་ལ་ནམ་ཡང་དོ་སྣང་བྱས་པ་མཚོན་ཡོད་ལ། དེང་རབས་བོད་ཀྱི་གསར་རྩོམ་ལ་འཚོལ་སྙེག་གསར་པ་དང་བོད་ཀྱི་སྙིང་སྟོབས་གནའ་དེང་གཉིས་ཀར་འདྲེས་ཡོད་པ་མཚོན་ཡོད།
དབྱི་ཀྲོའུ་ཡི་དཔྱད་གཏམ།
       རལ་གྲི་ཐོང་གཤོལ་དུ་བསྒྱུར་སྐབས། །དཔའ་སྤོབས་ཆེ་ལ་སྐྱོ་བས་མནར། །དུས་ཀྱི་སྤྲིན་ནག་འཁྲུག་པའི་སྐབས། །རྨོངས་ཞིང་རྨོངས་ལ་བློ་ཡང་རྣོ། །འདི་ནི་ཏག་ཏག་ཚེ་རིང་ནོར་བུ་ཁོ་ནར་མངའ་བའི་རྩོམ་གཤིས་དང་རྩོམ་ཉམས་ཡིན་ཞིང་། ལོ་རྒྱུས་དང་སྙན་ངག་ནི་དེ་ལྟར་རང་དབང་གིས་མཚོན་པར་བྱེད་པ་ཞིག་མ་ཡིན་ནམ། ལྷའི་དངོས་གྲུབ་ནི་ཡི་གེ་རེ་རེའི་ཁྲོད་དུ་ཞུགས་པ་དང་གཉིས་སུ་མེད།

རྩོམ་པ་པོ་ངོ་སྤྲོད།
       ཚེ་རིང་ནོར་བུ། བོད་ལྗོངས་རྩོམ་རིག་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་ཞི་གཞོན་པ། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་བཅའ་སྡོད་རྩོམ་པ་པོ་བཅས་ཀྱི་འགན་གཞེས་ཡོད། བརྩམས་ཆོས་ལ«རླུང་ཁྲོད་ཀྱི་མཆོད་སྦྱིན»དང་། «མཚམས» «ལུག་ཚེ་ཐར» «ཇག་ཚང་ཆང་ཁང» «གངས་ལྗོངས་ཀྱི་གཅེས་ཕྲུག»སོགས་མང་དུ་ཡོད། སྐབས་ལྔ་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་དང་སྐབས་དྲུག་པའི་ཝང་ཙེང་ཆི་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་།
འབྲེལ་ཡོད་འོས་སྦྱོར།