logo

དེབ་གསར། རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་བསྒྲིགས་པའི«ལེགས་བཤད་ཟླ་བའི་སྣང་བ»པར་དུ་བསྐྲུན་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-06-25 ཀློག་གྲངས།:
       ཉེ་ཆར། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་བསྒྲིགས་པའི«རྒྱ་བོད་མཁས་པས་མཛད་པའི་ལེགས་བཤད་ཤིན་ཏུ་གཅེས་པ་འགའ་ཕྱོགས་གཅིག་ཏུ་བཏུས་པ་ཟླ་བའི་སྣང་བ»ཞེས་པ༢༠༢༥ལོའི་ཟླ༦པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།
       རྒྱ་བོད་མཁས་པས་མཛད་པའི་ལེགས་བཤད་གཅེས་བཏུས་ཟླ་བའི་སྣང་བ་ཞེས་པའི་པར་གཞི་གསར་པ་འདིར་རྒྱ་བོད་མཁས་པས་མཛད་པའི་ལུགས་ཀྱི་བསྟན་བཅོས༣༩ཕྱོགས་གཅིག་ཏུ་བསྡུས་ཡོད་ལ། དེ་ཡང་པར་གཞི་སྔོན་མ་རུ་བསྡུས་པའི་ཆོས་ཚན་སོ་གཉིས་ཀྱི་སྟེང་རྒྱ་བོད་མཁས་པས་མཛད་པའི་ལུགས་ཀྱི་བསྟན་བཅོས་ཤིན་ཏུ་གཅེས་པ་བདུན་དང་དེ་དག་དང་ཉེ་བར་འབྲེལ་བའི་བརྩམས་ཆོས་གཉིས་བཅས་བསྡོམས་པས་ཆོས་ཚན་གསར་པ་དགུ་གསར་དུ་བསྣན་ཡོད། དེ་དག་རེ་རེ་ལའང་ཡང་བསྐྱར་མ་ཡིག་དངོས་དང་བསྡུར་ཅི་ཐུབ་ཀྱིས་ཞུ་དག་བྱས་ཤིང་། རྩོམ་པ་པོའི་མཛད་རྣམ་ཉུང་བསྡུས་ཁ་ཤས་ལ་ཡིད་རྟོན་ཕེར་བའི་ཡིག་ཆ་གཞིར་བཟུང་ནས་ལེགས་པར་བཅོས་ཡོད།
འབྲེལ་ཡོད་འོས་སྦྱོར།