logo

«ཏུན་ཧོང་བོད་ཀྱི་ཡིག་རྙིང་ཕྱོགས་བསྒྲིགས»ཞེས་པའི་པོད༡-༥༠བར་དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2025-09-10 ཀློག་གྲངས།:
       ཉེ་ཆར། “ལོ་ལྔའི་འཆར་གཞི་ཐེངས་བཅོ་ལྔ”པའི་མི་རིགས་སྐད་ཡིག་དཔེ་སྐྲུན་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་དང་མི་རིགས་སྐད་ཡིག་དཔེ་སྐྲུན་གྱི་ཆེད་དམིགས་རོགས་དངུལ་རྣམ་གྲངས་ལས«ཏུན་ཧོང་བོད་ཀྱི་ཡིག་རྙིང་ཕྱོགས་བསྒྲིགས»ཞེས་པའི་པོད༡-༥༠བར་དཔེ་སྐྲུན་འགྲེམ་སྤེལ་བྱས།
       དཔེ་ཚོགས་འདིར་སྡོམ་པའི་པོད༡༠༠ཡོད་པ་དང་། ནང་དོན་གྱི་རིགས་དབྱེ་སྟངས་དང་ཡིག་ཚང་སྒྲིག་སྟངས་སོགས་ཀྱི་ཐད་ལ་འཇིག་རྟེན་ཕལ་བའི་སྐོར་གྱི་ཡིག་ཚང་དང་ཆོས་ལུགས་ཡིག་ཚང་གཉིས་སུ་རིགས་དབྱེ་བ་དང་། བྱེ་བྲག་གིས་མི་ཆོས་ཡིག་ཚང་དང་ལོ་རྒྱུས་ཡིག་ཚང་། གསོ་རིག་ཡིག་ཚང་། ལོ་ཙཱའི་ཡིག་ཚང་། ཡི་གེ་སྐོར་གྱི་ཡིག་ཚང་། ཁྲིམས་ལུགས་ཡིག་ཚང་། སྤྱི་ཚོགས་དཔལ་འབྱོར་ཡིག་ཚང་། ཞུ་འཕྲིན་ཡིག་ཚང་། བཀའ་མཆིད་ཡིག་ཚང་ལྟ་བུ་སོགས་རིགས་བཅུ་རུ་ཕྱེས་ཡོད། ཡིག་ཆ་དེ་དག་གི་ཐོག་མའི་ཨང་རྟགས་སྔ་ཕྱི་ལྟར་རང་སོར་བཞག་ཐོག་རིག་ཚན་གྱི་དབྱེ་བ་གུང་བསྒྲིགས་བྱས་ཡོད།
       དེ་ལས«ཕྱིར་མི་ལྡོག་པའི་ཕྱག་རྒྱ་ཆེན་པོ»(pel.tib.36)དང་། «མ་ཧ་པྲ་ཏྀ་ར་ཞེས་བྱ་བ་རྀགས་སྔགས་གྱྀ་སྙིང་པོ»(pel.tib.72.2)«འཇམ་དཔལ་ཡི་གེ་དྲུག་པ»(Pel.tib.49.41)ཞེས་པ་ལྟ་བུ་བཀའ་བསྟན་ཁྲོད་མི་རྙེད་པའི་ཡིག་ཚང800ལ་ཉེ་བ་ཁོལ་དུ་ཕྱུང་ནས་མདོ་སྣ་ཚོགས་དང་། ཁ་ཐོར་སྣ་ཚོགས། གཟུངས་སྣ་ཚོགས། བསྟོད་པ་སྣ་ཚོགས། ཆོ་ག་སྣ་ཚོགས། སྒྲུབ་ཐབས་སྣ་ཚོགས། སྒོམ་ཐབས་སྣ་ཚོགས་སོགས་སུ་བསྡུས་ནས་པར་ཡོད། གཞན་དེ་སྔ་ནང་དོན་ངོས་འཛིན་མ་ཐུབ་པའི་སྐོར་གྱི་ཡིག་ཚང200ཙམ་ཞིག་གསར་དུ་ངོས་འཛིན་འོག་བསྡུ་བསྒྲིགས་བྱས་ཡོད་པ་དང་། ཡིག་ཆ་ལ་ལའི་ཁ་བྱང་གསར་དུ་ངོས་འཛིན་བྱས་ཏེ་བཏགས་པར་མ་ཟད། ཀློག་པ་པོར་འཚོལ་ཞིབ་བདེ་བར་གཞིགས་ནས་སྔ་མའི་ཁ་བྱང་རྣམས་ཕྱི་མའི་ཟུར་གྱི་ཟླ་ཁྱིམ་དུ་བཀོད་པ་དང་། དེ་མིན་ཡི་གེ་འབྲུ་ཉུང་ཞིང་ངོས་འཛིན་མ་ཐུབ་པའི་དམ་ཆོས་ཡིག་ཚང་ཁ་ཐོར493ཙམ་སྡེ་ཚན་གཅིག་ཏུ་བསྒྲིགས་ཡོད།
དཔེ་ཚོགས་འདིའི་གཙོ་སྒྲིག་པ་སྟོབས་ལྡན་དང་ལྷ་བྱམས་གཉིས།
འབྲེལ་ཡོད་འོས་སྦྱོར།