དེབ་གསར«རྩོམ་རིག་དང་ཡིད་གཟུགས»པར་དུ་སྐྲུན།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-09-18
ཀློག་གྲངས།:
ཉེ་སྔོན། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཕུན་ཚོགས་དཔལ་འབྱོར་གྱིས་བརྩམས་པའི«རྩོམ་རིག་དང་ཡིད་གཟུགས»ཞེས་པ༢༠༢༥ལོའི་ཟླ་བ༦པར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།

དཔེ་དེབ་ངོ་སྤྲོད།
དེབ་འདིའི་ནང་རྩོམ་རིག་གི་བརྡ་ཆད་ཡིད་གཟུགས་དང་ཡིད་ཡུལ་གཉིས་ལྟེ་བར་བྱས་ཏེ། དེ་གཉིས་པོའི་གོ་དོན་དང་དབྱེ་བ། ཁྱད་ཆོས་སོགས་ལ་ཞིབ་འཇུག་བྱས་ཡོད་པ་གཞུང་ལུགས་ཀྱི་ཚུལ་དུ་བཞག་པ་དང་། ཞིབ་འཇུག་བྱས་པའི་གྲུབ་དོན་དེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་། དགེ་འདུན་ཆོས་འཕེལ་བཅས་ཀྱི་བརྩམས་ཆོས་འགར་དབྱེ་ཞིབ་བྱས་ཡོད་པས། གཞུང་ལུགས་དང་ལག་ལེན་ཟུང་གའུ་ཁ་སྦྱར་ལྟ་བུར་གྱུར་ནས་ཡོད་སྙམ། མ་ཟད། དཔྱད་འབྲས་འདིས་སྲོལ་རྒྱུན་རྩོམ་རིག་གི་ཞིང་ས་གཤིན་པོའི་སྟེང་དུ་དེང་རབས་རྩོམ་རིག་གི་ལོ་ཏོག་ཀྱང་སྐྱེ་ཐུབ་རྒྱུའི་ཐད་ལ་ཕན་ནུས་ཡོད་པར་རེ་ཞིག་འདོད་དོ། །

རྩོམ་པ་པོ་ངོ་སྤྲོད།

ཕུན་ཚོགས་དཔལ་འབྱོར།(སྦུག་པ་བ།) ༡༩༩༠ལོར་བོད་ལྗོངས་གཞིས་ཀ་རྩེ་རྣམ་གླིང་དུ་སྐྱེས། ཆུང་དུས་ནས་སློབ་གཉེར་རིམ་པར་བྱས་ཏེ༢༠༢༥ལོར་སྒྱུ་རྩོམ་རིག་པའི་འབུམ་རམས་པའི་སློབ་གནས་བླངས། ཤེས་རམས་པའི་སྐབས་སུ་ལོ་གཉིས་རིང«སྤང་རྒྱན་མེ་ཏོག»དུས་དེབ་ཁང་གི་གདན་ཞུས་རྩོམ་སྒྲིག་པ་བྱས། ད་ལྟ་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་རྩོམ་རིག་སློབ་དཔྱོད་ཁང་གི་དགེ་རྒན་དང་། སྒྱུ་རྩོམ་རིག་པའི་ཆེད་ལས་ཀྱི་ཤེས་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན། སློབ་གཉེར་གྱི་རིང་ལ«ཀྲུང་གོའི་བོད་རིག་པ»དང«བོད་ལྗོངས་སློབ་ཆེན་རིག་དེབ» «བོད་ལྗོངས་ཞིབ་འཇུག»སོགས་ཀྱི་དུས་དེབ་སྟེང་རིག་གཞུང་དཔྱད་རྩོམ་བཅུ་གྲངས་ཤིག་སྤེལ་བ་དང་། «བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་སྤྱི་སྦྱོང་བསླབ་གཞི»(རིམ་པ་བཞི་པ)༢༠༢༤ལོའི་ཟླ་བ༣པར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།(གཙོ་སྒྲིག་པ་གཞོན་པ) སློབ་གྲྭ་རིམ་པའི་ལས་གཞི་གསུམ་གཉེར་ཟིན་པ་དང་། ད་ལྟ་རྒྱལ་ཁབ་རིམ་པའི་ལས་གཞི་གཅིག་གཉེར་མུས་སུ་མཆིས། གཞན«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང«སྤང་རྒྱན་མེ་ཏོག» «བོད་ལྗོངས་ཉིན་རེའི་ཚགས་པར»སོགས་ཀྱི་དུས་དེབ་དང་ཚགས་པར་སྟེང་སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ་བཅས་སུམ་ཅུ་ལྷག་སྤེལ།
འབྲེལ་ཡོད་འོས་སྦྱོར།