logo

«སྐད་ཀྱི་དཀར་ཆག་སྒྲ་བྱེ་བྲག་ཏུ་རྟོགས་པར་བྱེད་པ་ཆེ་འབྲིང་ཆུང་གསུམ་གྱི་རྣམ་གཞག»པར་སྐྲུན་བྱས།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2025-12-19 ཀློག་གྲངས།:
       ཉེ་ཆར། བཙུན་པ་ཚེ་རིང་གིས་བརྩམས་པའི་དེབ་གསར«སྐད་ཀྱི་དཀར་ཆག་སྒྲ་བྱེ་བྲག་ཏུ་རྟོགས་པར་བྱེད་པ་ཆེ་འབྲིང་ཆུང་གསུམ་གྱི་རྣམ་གཞག»ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
       «བྱེ་བྲག་རྟོགས་བྱེད»དང«སྒྲ་སྦྱོར་བམ་གཉིས།» «ཆོས་ཀྱི་རྣམ་གྲངས»སོགས་ནི་དཔྱོད་ལྡན་མཁས་པའི་མཐོང་ཐོས་མྱོང་གསུམ་གྱི་ཡུལ་དུ་གྱུར་ཡོད་པ་ནི་གཏམ་རྙིང་བར་གྱུར་བ་བདེན་པར་ཆུག་ཀྱང་། ལོ་ངོ་ཁ་ཤས་རིང་ལ་བསྟན་བཅོས་འདི་དག་ལ་ཆེད་དམིགས་ཀྱིས་སློབ་སྦྱོང་དང་ལག་ཐོགས་ཞིབ་འཇུག་དང་། ལྷག་པར་དུ་སུང་རྒྱལ་རབས་ལྷོ་མའི་དགེ་སློང་ཆོས་ཀྱི་སྤྲིན་ཞེས་པས་བསྒྲིགས་པའི་བྱེ་བྲག་རྟོགས་བྱེད་དང་དེའི་འབྲེལ་ཡོད་བསྡུར་མཆན་ལ་སློབ་སྦྱོང་བྱས་པ་ལས་རང་ལ་བློ་བསྐྱེད་མི་ཉུང་བ་བསྩལ་བྱུང་བས། སྐབས་བབ་ཕྲལ་སེལ་དང་བསྐྱར་སྒྲིག་གི་ཐབས་ལ་བརྟེན་ནས་ཡང་བསྐྱར་བསྟན་འགྱུར་སྣ་ཚོགས་ཀྱི་སྡེ་ལས་བྱུང་བའི་སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོ་དང་སྒྲ་སྦྱོར་གྱི་བམ་པོ་ཨང་གཉིས་པ། ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་དང་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་གི་རྩ་བ་བཅས་ཀྱི་ནང་དོན་ལ་ཕན་ཚུན་དཔྱད་བསྡུར་བརྒྱུད་དེ། མིང་བརྡ་ཁག་གི་བརྗོད་བྱ་འདྲ་ཡང་རྣམ་པ་དང་སྒྲིག་སྟངས། མང་ཉུང་མི་འདྲ་བའི་བསྟན་བཅོས་གསུམ་པོའི་མིང་མཛོད་ཀྱི་ཚོགས་སྤྱི་རྣམས་སྐད་ཀྱི་དཀར་ཆག་གི་རྣམ་པར་བཟོས་ཏེ། སཾ་རྒྱ་བོད་གསུམ་གྱི་སྐད་དུ་ཤན་སྦྱར་ནས་ཐོག་དང་པོར་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་སྡེབ་གཅིག་ཏུ་བཟོས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།