logo

དེབ་གསར«རྩ་རྒྱུད་རྣམ་འགྲེལ་གཡུ་ཐོག་དགོངས་རྒྱུན»

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2026-02-03 ཀློག་གྲངས།:
       ཉེ་ཆར། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་རིག་གཞུང་གླིང་གཙོ་དང་འབུམ་རམས་སློབ་མའི་མཛུབ་སྟོན་སློབ་དཔོན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་དགེ་རྒན་ཆེན་མོ་བྱ་མདོ་ཀླུ་བྱམས་རྒྱལ་མཆོག་གིས་བརྩམས་གནང་མཛད་པའི«རྩ་རྒྱུད་རྣམ་འགྲེལ་གཡུ་ཐོག་དགོངས་རྒྱུན»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བགྱིས།
       རྩ་རྒྱུད་རྣམ་འགྲེལ་འདི་ནི་རྩོམ་པ་པོས་ལོ་མང་སློབ་ཁྲིད་ཉམས་ཞིབ་བགྱིས་པའི་གོ་རིམ་ཁྲོད་ནས་རྩ་བའི་རྒྱུད་ཀྱི་གཞུང་ལག་ལེན་གྱི་དགོངས་དོན་མཐར་ཐུག་འགྲེལ་བྱེད་ཀྱི་ཡིག་ཚང་མང་དུ་བཙལ་ཐོག ཉེ་ཆར་ཞིབ་འཇུག་སློབ་མའི་འཛིན་གྲྭར་རྗེ་གཡུ་ཐོག་པའི་ལུགས་ཀྱི་སྲོལ་རྒྱུན་དཔེ་ཁྲིད་དམ་རྩ་རྒྱུད་རྒྱས་པའམ་དམར་ཁྲིད་ཐེངས་གཅིག་བྱས་པའི་རེག་ཟིག་གི་རྨང་གཞིའི་སྟེང་། ཡང་བསྐྱར་འབྲེལ་ཡོད་དཔྱད་ཡིག་ལ་ཡང་ཡང་བསྡུར། ས་བཅད་ཀྱི་འགྲོས་རིམ་རྣམས་རྒྱུད་འགྲེལ་ཁུངས་བཙུན་པ་རྣམས་དང་མཐུན་པར་བཅོས། རང་ལུགས་ཀྱི་ལྟ་ཚུལ་གསར་བ་དང་འདོད་ལུགས་རེ་ཟུང་གིས་ཀྱང་ཟུར་བརྒྱན། བྱིངས་ནས་མཐའ་དཔྱོད་ཕལ་བ་དང་ཁུངས་ལུང་གཙོ་བོར་བཟུང་སྟེ་དཔལ་ལྡན་རྩ་བ་ཐུགས་རྒྱུད་ཀྱི་རྣམ་འགྲེལ་ཏེ། མིག་སྔར་རྩ་རྒྱུད་ཀྱི་འགྲེལ་བ་མཆིས་སོ་ཅོག་ལས་བམ་པོའི་མཐུག་ཚད་དང་། དོན་གྱི་ཁྱབ་ཚད། ཁུངས་ལུང་འདྲེན་ཚད། ཁ་ཡི་གསལ་ཚད་སོགས་གང་ཐད་ནས་འབུར་དུ་ཐོན་པ་ཞིག་རེད།
འབྲེལ་ཡོད་འོས་སྦྱོར།