པོད་སོ་ལྔ་ཅན་གྱི་ནག་ཆུའི་གེ་སར་སྒྲུང་པའི་གླིང་སྒྲུང་ཕྱོགས་བསྒྲིགས་པར་སྐྲུན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2026-02-28
ཀློག་གྲངས།:
ཉེ་སྔོན། ནག་ཆུ་ས་ཁུལ་གྱི་སྒྲུང་མཁན་བརྒྱ་ལྷག་གི་ངག་ལས་ཐོན་པ་དང་། ནག་ཆུའི་གེ་སར་སྒྲུང་པའི་གླིང་སྒྲུང་ཕྱོགས་བསྒྲིགས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་གིས་བསྒྲིགས་པའི«ནག་ཆུའི་གེ་སར་སྒྲུང་པའི་གླིང་སྒྲུང་ཕྱོགས་བསྒྲིགས»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་གནང་།

མུ་འབྲེལ་དཔེ་ཚོགས་འདིར་རྒྱ་བཟའི་གཉེན་སྟོན་དང་ཕུ་གླིང་ལྕགས་ནག་རྫོང་།(སྟོད་ཆ། སྨད་ཆ།) རྟ་དམར་གཡུལ་འགྱེད། ཛམ་དཀར་གསེར་རྫོང་། དག་པ་འཕྲུལ་རྫོང་།(སྟོད་ཆ། སྨད་ཆ།) རྒྱ་ནག་ཇ་འགྱེད། སྤྱང་གླིང་གཡུལ་འགྱེད།(སྟོད་ཆ། སྨད་ཆ།) མེ་མོ་ཁ་ཡི་ར་རྫོང་།(སྟོད་ཆ། སྨད་ཆ།) འགྲོ་དྲུག་བདེ་བཀོད། བྲག་དཀར་སྲིན་མོ་མདའ་རྫོང་། དུག་ཆུ་ལྕགས་རྫོང་།(སྟོད་ཆ། སྨད་ཆ།) ཐང་ལུང་ཤེལ་དཀར་འབྲས་རྫོང་།(སྟོད་ཆ། སྨད་ཆ།) ཕྱོགས་བདུད་འུར་འཕེན།(སྟོད་ཆ། སྨད་ཆ།) མུ་མེན་མཐིང་རྫོང་།(སྟོད་ཆ། སྨད་ཆ།) སྡེ་དགེ་ཁྲོ་རྫོང་།(སྟོད་ཆ། སྨད་ཆ།) རྒྱ་གར་ཤེལ་རི་སྨན་རྫོང་། གནམ་གླིང་པདྨ་སྟོང་ལྡན།(སྟོད་ཆ། སྨད་ཆ།) འདན་ཀོང་གཡུལ་འགྱེད། ལི་གླིང་གཡུལ་འགྱེད། རུ་གླིང་གཡུལ་འགྱེད། ཐག་གླིང་གཡུལ་འགྱེད། མེ་གླིང་ཤྭ་བ་གཡུ་རྫོང་།(སྟོད་ཆ། སྨད་ཆ།) དུང་དཀར་གཏེར་རྫོང་། ཁྲག་གླིང་གཡུལ་འགྱེད་བཅས་པོད་སུམ་བཅུ་རྩ་ལྔས་གྲུབ་ཡོད་དོ། །

འབྲེལ་ཡོད་འོས་སྦྱོར།
