དེབ་གསར«གླིང་རྗེ་གེ་སར་གྱི་སྒྲུང་རྙིང་ཚིག་མཛོད»པར་སྐྲུན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2026-03-09
ཀློག་གྲངས།:
ཉེ་ལམ། མགོ་ལོག་གི་སྒྲུང་པ། གླིང་གེ་སར་དང་འབྲེལ་ཡོད་སྐོར་གྱི་ལས་རིགས་གཉེར་མཁན་སྨིན་དབུས་པོས་བསྒྲིགས་པའི«གླིང་རྗེ་གེ་སར་གྱི་སྒྲུང་རྙིང་ཚིག་མཛོད»ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས་འདུག

ཚིག་མཛོད་འདིར་སྒྲུང་མཁན་ཁོང་གིས་མི་ལོ་སུམ་ཅུ་ལྷག་ལ་བསྡུས་པའི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ཡན་གྱི་སྒྲུང་དཔེ་སྟེ། སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི«གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་སྒྲིགས་རིན་བྲལ་ནོར་བུའི་ཕྲེང་བ»པོད༡༡༨ཅན་གྱི་འཚོལ་སྒྲིག་ལས་རིམ་ཁྲོད། སྒྲུང་དཔེ་རྙིང་པ་དེ་དག་གི་ནང་གསལ་བའི་མིང་ཚིག་རྣམས་གཙོ་བོར་བཟུང་ནས་གླིང་གི་མི་རྟ་གོ་མཚོན། ས་མིང་རྗེས་ཤུལ་སོགས་ཀྱི་ཐ་སྙད་སྟོང་ཕྲག་གསུམ་ཡས་མས་ལ། ཁོ་རང་སྒྲུང་པ་ཡིན་པའི་ཉམས་མྱོང་དང་ཤེས་རྟོག་གི་ཐོག་ནས་ཁ་གསལ་གྱི་འགྲེལ་བཤད་བཏབ་སྟེ། ཀློག་པ་པོ་རྣམས་ལ་སྟབས་བདེ་བའི་ཀློག་དེབ་འཁྱེར་བདེར་ཁ་ཕྱོགས་ནས་བསྒྲིགས་པ་ཞིག་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།
