དེབ་གསར«སྔོན་བྱོན་དམ་པའི་གསུང་རྩོམ་གྲགས་ཅན་ཁག་ཅིག་གི་འགྲེལ་བ»
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2026-03-18
ཀློག་གྲངས།:
ཉེ་ལམ། མུ་རའི་ཚེ་དཔག་སྐྱབས་ཀྱིས་བསྒྲིགས་པའི་དེབ་གསར«སྔོན་བྱོན་སྐྱེས་བུ་དམ་པའི་གསུང་རྩོམ་གྲགས་ཅན་ཁག་ཅིག་གི་འགྲེལ་བ»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

དཔེ་ཆ་འདི་ནི་རྩོམ་པ་པོས་མི་ལོ་གཉིས་དང་ཕྱེད་ཀ་ལྷག་གི་རིང་ལ་བསྒྲིགས་པའི་དེབ་ཅིག་ཡིན། འདིའི་ནང་གི་གསུང་རྩོམ་དག་ནི་ཞང་ལྷའི་བཀའ་བཅུ་བ་ཨ་ཁུ་ཐབས་མཁས་སམ་ཞང་སྟོན་བསྟན་པ་རྒྱ་མཚོའི་འཇམ་དབྱངས་གང་བློ་མའི་འགྲེལ་དང་རྗེའི་རྟོགས་བརྗོད་འདུན་ལེགས་མའི་འགྲེལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དབང་བཀའ་ཆོས་ཀྱི་ཁུངས་གཏུགས་ས་བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོའི་དགའ་ལྡན་ལྷ་བརྒྱ་མའི་འགྲེལ་བ་དང་། རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་བཟང་སྤྱོད་སྨོན་ལམ་གྱི་འགྲེལ། རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་ལམ་རིམ་བསྡུས་དོན་གྱི་འགྲེལ། གུང་ཐང་བསྟན་པའི་སྒྲོན་མེའི་རྗེ་བཙུན་མི་ལའི་མགུར་གྱི་འགྲེལ་དང་རྣམ་དག་གངས་རི་མའི་འགྲེལ། བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ། ད་དུང་བསྟན་པའི་སྒྲོན་མེའི་རྗེ་བསྟོད་འགྲེལ་ཆེན་མོའམ་བསྟོད་པ་དོན་ལྡན་མ་དང་དེའི་རང་འགྲེལ་དེ་ཉིད་སྣང་བ། ལྕང་སྐྱ་རོལ་བའི་རྡོ་རྗེའི་རྟེན་འབྲེལ་བསྟོད་པའི་འགྲེལ། ལྕང་སྐྱ་ངག་དབང་ཆོས་ལྡན་གྱི་སྐབས་གསུམ་པའི་འགྲེལ། བསྟན་དར་ལྷ་རམས་པའི་ལེགས་བྲིས་མའི་འགྲེལ། རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་གུང་ཐང་སློབ་གཉེར་བསླབ་བྱའི་ཁྲིད་བཅས་ཁྱོན་དེབ་འདིར་གསུང་རྩོམ་རྩ་བ་བཅུ་གསུམ་དང་དེའི་འགྲེལ་བ་བཅུ་གསུམ་བཅས་ཡོད་ལ། རྩ་བ་རེའི་མཇུག་ཏུ་འགྲེལ་བ་བཀོད་ནས་རྩ་འགྲེལ་སྦྲགས་མ་ལྟར་བསྒྲིགས་ཡོད། འདིའི་ནང་གི་གསུང་རྩོམ་ཚང་མ་རེ་རེ་བཞིན་སྔོན་གྱི་གསུང་འབུམ་རྙིང་བ་དང་བསྡུར་ནས་བསྒྲིགས་ཡོད། ཡིག་འབྲུ་རེ་རེ་བཞིན་ཐེངས་འགའ་ལ་ཡང་དང་བསྐྱར་དུ་བལྟས་ནས་གསུང་འབུམ་ལ་ཁུངས་གཏུགས་ཡོད། འདི་ནི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་སྔོན་རབས་མཁས་པའི་གསུང་རྩོམ་ལ་གཅེས་སྤྲས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་སྲ་བརྟན་དང་ཕྱོགས་ཡོངས་ཤེས་རིག་གི་འཕེལ་རྒྱས་ཤིག་ཀྱང་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།
