དེབ་གསར«བོད་ཀྱི་གསོ་རིག་སྡོམ་རྩིས་དབྱེ་ཞིབ་རིག་པ»པར་སྐྲུན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2026-04-03
ཀློག་གྲངས།:
ཉེ་ལམ། མིག་དམར་དབང་འདུས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་ཀྱི་གསོ་རིག་སྐོར་གྱི་དེབ་གསར«བོད་ཀྱི་གསོ་རིག་སྡོམ་རྩིས་དབྱེ་ཞིབ་རིག་པ»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས།

དེ་ཡང་དེང་གི་ཆར་གྲངས་འགྱུར་དབྱེ་ཞིབ་ནི་འཛམ་གླིང་ཐོག་ཡོངས་ཁྱབ་ཏུ་རིག་ཚན་ཀུན་གྱི་ཞིབ་འཇུག་གི་ལག་ཆ་གཙོ་བོར་གྱུར་ནས་ཚན་རིག་ཉམས་ཞིབ་བམ་ཞིབ་འཇུག་བྱེད་སྐབས་བཀོལ་བཞིན་ཡོད། བོད་ལུགས་གསོ་རིག་ལ་རྩ་བའི་ཆར་རང་བཞིན་ནམ་ངོ་བོའི་ཐོག་ནས་ཆ་འཕྲིན་ལ་དབྱེ་ཞིབ་བྱེད་པ་ལས་གྲངས་འགྱུར་ཐོག་ནས་དབྱེ་ཞིབ་བྱས་པའི་ཨེས་སེ་སི་ཨེSCI(ཚན་རིག་ལུང་འདྲེན་གྱི་སྟོན་གྲངས།)དཔྱད་རྩོམ་ད་ལྟའི་ཆར་རི་བོང་རྭ་ལྟར་སྣང་། གྲངས་འགྱུར་དབྱེ་ཞིབ་ཐད་དེ་ཙམ་གྱི་སྣང་འཇོག་མ་བཞག་ན་དུས་རབས༢༡པའི་བོད་ཀྱི་གསོ་བ་རིག་པའི་བརྒྱུད་འཛིན་རྣལ་མ་བ་ཞིག་ཡིན་མིན་སོམ་ཉིར་ཚུད། གལ་སྲིད་བརྒྱུད་འཛིན་པ་ཞིག་ལ་གྲངས་འགྱུར་དབྱེ་ཞིབ་ཀྱི་མྱོང་བ་གང་ཡང་མེད་ཚེ། དེང་དུས་གསོ་རིག་རིག་དེབ་ཐོག་དུ་སྤེལ་བའི་དཔྱད་རྩོམ་ཀློག་ཐབས་བྲལ་བས་གསོ་རིག་སྡོམ་རྩིས་དབྱེ་ཞིབ་རིག་པར་འཇུག་རྒྱུ་ཤིནཏུ་གལ་ཆེ།
དེ་ཡང་རིག་ཚན་མང་དག་ཅིག་དང་འདྲ་བར་གསོ་རིག་ཚན་རིག་གི་གསང་བ་འགྲོལ་ཐབས་སུ་ཉེ་ལམ་གྲངས་རིག་པའི་ནང་གསེས་སྲིད་ཆོད(ཕྱོད)probabilityརིག་པ་དང་། སྡོམ་རྩིས་དབྱེ་ཞིབ་རིག་པstatisticsགཉིས་བཟའ་འཚོ་ལྟར་ཟུང་དུ་འབྲེལ་ཁར། གློག་ཀླད་མཉེན་ཆས་ཀྱི་བུ་སྟོབས་ཐོག་ནས་ཆ་འཕྲིན་ལ་དབྱེ་ཞིབ་དང་སྔོན་དཔོག། ཕྱོགས་སྡོམ་བྱེད་མཁན་ནི་ཇེ་མང་ནས་ཇེ་མང་དུ་འགྲོ་བ་འཛམ་གླིང་ཀུན་ཁྱབ་ཀྱི་ཆོས་ཉིད་ཡིན་ལ། དེ་ནི་ཕྱིས་འབྱུང་མེད་དུ་མེད་རུང་བའི་གསང་འགྲོལ་ལྡེའུ་མིག་ཅིག་ཀྱང་ཡིན།བོད་ཀྱི་གསོ་རིག་སྡོམ་རྩིས་དབྱེ་ཞིབ་རིག་པ་ནི་གསོ་རིག་རིག་གཞུང་དང་དོན་དངོས་དབར་གྱི་འདྲ་བའི་ཆ་དང་མི་འདྲ་བའི་ཆར་དབྱེ་ཞིབ་བྱེད་པའི་ཚན་རིག་གམ་སྒྱུ་རྩལ་ལ་གོ་གཤིས། སྲིད་ཆོད(ཕྱོད)སྨྲ་བ་དང་རྩིས་རིག་གི་སྡོམ་རྩིས་གནད་ལུགས་གཉིས་ཐབས་ཀྱི་རྨང་གཞི་དང་། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་དོན་དངོས་ཀྱི་རྨང་གཞི་བྱས་ཤིང་། དེ་དང་འབྲེལ་བའི་གྲངས་གཞིའི(གཞི་འཛིན་གྲངས་སམ་གཞི་གྲངས)བསྡུ་ལེན་དང་། ལེགས་བཏུས། དབྱེ་ཞིབ། རིགས་འདེད་བྱས་ཏེ་གསོ་བ་རིག་པའི་གཞུང་ལུགས་དང་ཐབས་ཤེས་ཀྱི་ཆོས་ཉིད་རྣལ་མ་རྟོགས་པའི་དམིགས་ཡུལ་བཟུང་ཏེ་སྔོག་འདོན་བྱེད་པར་གོ་དགོས།
འབྲེལ་ཡོད་འོས་སྦྱོར།
