logo

དེབ་གསར«གེ་སར་པྲའི་རིག་གནས་རྣམ་དཔྱད་གསེར་གྱི་མེ་ལོང»པར་སྐྲུན་བྱས།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2026-04-09 ཀློག་གྲངས།:
       ཉེ་ཆར། ཚེ་སྒྲུབ་ལགས་ཀྱིས་བརྩམས་པའི་དེབ་གསར«གེ་སར་པྲའི་རིག་གནས་རྣམ་དཔྱད་གསེར་གྱི་མེ་ལོང»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས།
       དེབ་གསར་འདི་ནི། ཁྱོན་སྡོམ་ལེའུ་ཆེན་པོ་ལྔ་ལ་བཀར་ནས་བྲིས་ཡོད། དེ་ལས་ལེའུ་དང་པོར་འཛམ་གླིང་ཧྲིལ་བོའི་པྲ་མོ་འདེབས་པའི་རིག་གནས་ཀྱི་གནས་ཚུལ་མདོར་བསྡུས་སུ་བརྗོད་དེ་བྲིས་ཡོད།
       ལེའུ་གཉིས་པར་འཛམ་གླིང་གི་པྲའི་རིག་གནས་ཀྱི་བྱུང་བ་སྤྱིར་བཤད་དེ། བོད་གངས་ཅན་གྱི་པྲའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྗོད་དེ། པྲའི་ནུས་པ་དང་པྲ་གཞི་བརྟག་ཐབས། པྲ་དང་གསང་བ་སྔགས་ཀྱི་འབྲེལ་བ། བོད་ཀྱི་པྲའི་ལྷ་ཚོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས། བོད་ཀྱི་པྲ་དང་མི་རིགས་གཞན་དག་གི་པྲའི་ཁྱད་པར། ཏུན་ཧོང་ཡིག་རྙིང་གི་ཁྲོད་ནས་རྙེད་པའི་པྲ་མོའི་ཡིག་ཆ་དང་ཇུ་ཐིག་གི་སྐོར་སོགས་དབྱེ་བ་གསལ་ཞིང་གོ་རིམ་མ་འཁྲུགས་པར་བྲིས་ཡོད།
       ལེའུ་གསུམ་པར་པྲའི་ཕྱི་ནང་གསང་གསུམ་དང་པྲ་གཞིའི་རི་མོ་བརྟག་ཐབས་ཀྱི་རིགས་པ་རྩལ་དུ་བཏོན་ནས་བྲིས་ཡོད།
       ལེའུ་བཞི་པར་གེ་སར་པྲ་སྒྲུང་གི་ཕན་ནུས་གཙོ་བོ་ནི་གླིང་ས་ངོས་འཛིན་དང་མི་རྟའི་སྣང་བརྙན་ངོས་འཛིན། སྒྲུང་དཔེ་ཁག་གི་དོགས་གནད་སེལ་བ། བྲིས་ན་ཚར་རྒྱུ་མེད་པ་དང་གསང་བ་ལྐོག་གྱུར་ཡིན་པ་སོགས་བརྗོད་བྱར་བྱས་ནས་བྲིས་ཡོད།
       ལེའུ་ལྔ་པར་གེ་སར་སྒྲུང་ལས་པྲ་སྒྲུང་གི་ཁྱད་ཆོས་གཙོ་བོར་བཟུང་ནས། གེ་སར་སྒྲུང་བའི་རིགས་སྣ་ཚོགས་དང་།པྲ་སྒྲུང་གིས་གེ་སར་སྒྲུང་ལ་ཐོན་པའི་ནུས་པ། གེ་སར་པྲ་སྒྲུང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོགས་དམིགས་སུ་བཀར་ནས་བྲིས་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།